ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་དམག་གྲོན་དང་དཔལ་འབྱོར་ཉོ་ཚོང་གནད་དོན་ཐད་སླར་ཡང་ཡོ་རོབ་རྒྱལ་ཁབ་ལ་སྐྱོན་འཛུགས་བྱས་པ།
སྤེལ་བའི་དུས་ཚོད། : 2018-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༠ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་དམག་གྲོན་དང་དཔལ་འབྱོར་ཉོ་ཚོང་གནད་དོན་ཐད་སླར་ཡང་ཡོ་རོབ་རྒྱལ་ཁབ་ལ་སྐྱོན་འཛུགས་བྱས་པ་དང་། ཨ་རིས་བྱང་ཆིང་ཐད་ལ་འཁུར་བའི་དམག་གྲོན་མང་དྲག་པའི་ངོས་འཛིན་བྱས་ཡོད་པ་རེད།

ཕོ་བྲང་དཀར་པོའི་གསར་འགོད་པའི་ཚོགས་པས་མཁོ་འདོན་བྱས་པའི་ལས་ཡུལ་དངོས་ཀྱི་དངོས་བཀོད་ལ་གཞིགས་ན། ཐེ་རོན་ཕུས་ཉིན་དེར་པུའུ་ལུའུ་སེར་བསྐྱོད་ནས་བྱང་ཆིང་དབུ་ཚོགས་ལ་ཞུགས་སྐབས། འགོག་སྲུང་ལས་དོན་གནད་དོན་ཐད་ཨ་རིས་བྱང་ཆིང་ལ་ལེགས་སྐྱེས་ཕུལ་བ་མང་པོ་ཡིན་པ་དང་། ཉུང་མཐར་ཡང་བརྒྱ་ཆ་༧༠ཡི་གཏོང་སྒོ་ཁས་ལེན་བྱས་ཡོད་པས་ཡོ་རོབ་རྒྱལ་ཁབ་ནས་འགན་འཁུར་བ་ཉུང་དྲག་ཐག་ཆོད་པ་དང་། རང་ཉིད་ནས་ད་ཐེངས་རྒྱལ་ཁབ་འདི་དག་དང་ཐག་གཅོད་བྱེད་ཐབས་གྲོས་བསྡུར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

བྱང་ཆིང་དབུ་ཚོགས་ལ་ཞུགས་རྗེས་ཐེ་རོན་ཕུས་དབྱིན་ཇིར་འཚམས་འདྲི་ཞུ་རྒྱུ་མ་ཟད་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་དང་ཕིན་ལན་གྱི་རྒྱལ་ས་ཧོར་ཤིན་ཀེ་རུ་གྲོས་མོལ་གནང་རྒྱུ་ཡིན་པ་རེད། ཐེ་རོན་ཕུས་བྱང་ཆིང་ནང་ཁུལ་གྱི་གནད་དོན་རབ་དང་རིམ་པ་དང་དབྱིན་ཇིའི་དཔོན་རིགས་ཀྱིས་ལས་དགོངས་ཞུ་བའི་རྙོག་འཛིང་ཆེ་བའི་རྣམ་པ་དང་བསྡུར་ན་ཨུ་རུ་སུ་ནི་ད་ཐེངས་འཚམས་འདྲི་བྱེད་པའི་ཁྲོད་གནད་དོན་ཐག་གཅོད་ཐུབ་རེ་ཆེ་ཤོས་དེ་ཡིན། ཨུ་རུ་སུ་ནི་ཨ་རིའི་འགྲན་རྩོད་ཀྱི་ཁ་གཏད་ཡིན་པ་དང་། རྒྱལ་ཁབ་གཉིས་པོ་འཆམ་མཐུན་མཉམ་བྱུང་བ་དེ་ནི་གནད་དོན་ངན་པ་ཞིག་མིན། འོན་ཀྱང་རང་ཉིད་ནས་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་ནི་དགྲ་གྲོགས་ག་རེ་ཡིན་མིན་ཤེས་ཀྱི་མེད་པས། རང་ཉིད་དང་ཕུང་ཆིང་གི་ངོ་འཕྲད་གནས་ཚུལ་ལ་གཞིགས་ཏེ་གཏན་འཁེལ་བྱ་ཐུབ་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།