བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དྲག་ཆས་གདོང་ཐུག་ཁྲོད་བྱིས་པར་སྲུང་སྐྱོབ་བྱས་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ།
སྤེལ་བའི་དུས་ཚོད། : 2018-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༩ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱིས་མགྲིན་དབྱངས་གཅིག་འགྱུར་ཐོག་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། དྲག་ཆས་གདོང་ཐུག་ཕྱོགས་ཀྱིས་ལོ་ཆུང་དམག་བསྡུ་བ་དང་བེད་སྤྱོད་བྱས་པ། དེ་བཞིན་དྲག་ཆས་གདོང་ཐུག་ཁྲོད་དམར་གསོད་གཏོང་བ་དང་། བཙན་གཡེམ། ཕྲུ་གུ་བཙན་ཁྲིད་སོགས་ཀྱི་རྒྱལ་སྤྱིའི་བཅའ་ཁྲིམས་ལས་བརྒལ་བའི་བྱ་སྤྱོད་ལ་སྐྱོན་འཛུགས་དྲག་པོ་བྱས་ཡོད།

གྲོས་ཆོད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་རྒྱལ་ཁབ་ཚང་མས་བྱིས་པར་དམིགས་པའི་རིགས་རྒྱུད་དམར་གསོད་དང་། མིའི་རིགས་ལ་ངོ་རྒལ་བྱས་པའི་སྡིག་ཉེས། དམག་འཁྲུག་བསླངས་པའི་ཉེས་པ་སོགས་ཉེས་པ་ཡོད་པའི་མི་ལ་བརྟག་དཔྱད་དང་ཞུ་གཏུགས་རྒྱག་དགོས་པའི་བླང་བྱ་བཏོན་ཡོད། གྲོས་ཆོད་ཀྱི་ད་དུང་གདོང་ཐུག་གོང་དང་གདོང་ཐུག་རྗེས་སུ་བྱིས་པར་མ་མཐུད་སློབ་གསོ་དང་ལེན་བྱ་རྒྱུ་དང་སྨན་བཅོས་སོགས་ཀྱི་གཞི་རྩའི་ཞབས་ཞུའི་གལ་ཆེའི་རང་བཞིན་ལ་ནན་བཤད་གནང་ཡོད་ཅིང་། གདོང་ཐུག་ཕྱོགས་ཀྱིས་གདོང་ཐུག་ཁྲོད་ཀྱི་ཕྲུ་གུར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་ཆོག་པའི་སྐུལ་མ་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།