ཐེ་ལན་གྱི་ཉེན་ཁའི་ཁྲོད་དུ་ལྷུངས་པའི་ལོ་ཆུང་རྐང་རྩེད་སྤོ་ལོའི་རུ་ཁག་གི་ཁོངས་མིའི་མི་བརྒྱད་སྐྱོབ་ཐུབ་པ།
སྤེལ་བའི་དུས་ཚོད། : 2018-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཐེ་ལན་ཆིང་ལའེ་མངའ་སྡེའི་འགོ་འཛིན་ན་རུང་ས་ཡིས་སྤྱི་ཚེས་༩ཉིན། བྲག་ཕུབ་ནང་དུ་ལུས་པའི་ལོ་ཆུང་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་མི་ཉིན་དེར་སྔར་བཞིན་མི་༤སྐྱོབ་ཐུབ་པ་མ་ཟད་ཐད་འཕུར་གནམ་གྲུས་སྨན་ཁང་དུ་བསྐྱེལ་ཡོད་པ་རེད། ད་བར་དུ་ཉེན་ཁའི་ཁྲོད་དུ་ལྷུངས་པའི་མི་༡༣ནང་མི་༨སྐྱོབ་ཐུབ་ཡོད་པ་རེད།

ན་རུང་ས་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག སྤྱི་ཚེས་༡༠ཉིན་གྱི་ཕྱི་དྲོ་ནས་འགོ་ཚུགས་ཏེ་ཉེན་ཁའི་ཁྲོད་དུ་ལྷུངས་པའི་ལོ་ཆུང་གཞན་༥རྣམས་ལ་མྱུར་སྐྱོབ་ཀྱི་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་དང་། སྤྱི་ཚེས་༨ཉིན་སྐྱོབ་ཐུབ་པའི་ལོ་ཆུང་རྐང་རྩེད་སྤོ་ལོའི་རུ་ཁག་ཁོངས་མི་༤སླར་ཡང་སྨན་ཁང་ནང་དུ་དྲག་སྐྱེས་སྨན་བཅོས་བྱེད་བཞིན་ཡོད་པ་དང་། མིག་སྔར་གཟུགས་གཞིའི་གནས་ཚུལ་ཡག་ཏུ་འགྲོ་བཞིན་ཡོད་ཅེས་གསུངས་ཡོད།

ཐེ་ལན་དམག་ཕྱོགས་ཀྱི་དཔོན་རིགས་ཀྱིས། མིག་སྔར་བྲག་ཕུག་ནང་གི་ཆུ་འཐེན་པ་དང་དེ་བཞིན་རི་སྟེང་གི་གྲོག་ཆུ་ཁག་དབྱེ་བའི་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད། མ་འོངས་པའི་ཉིན་ཁ་ཤས་ནང་གནམ་གཤིས་ཡག་ཏུ་ཕྱིན་ནས། མྱུར་སྐྱོབ་ལས་ཀར་ཕན་ཐོགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།