ཨུ་རུ་སུ་དང་ཨ་རིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུག་འཕྲད་སྐོར་གྱི་ཡིག་ཆ་བརྗེ་རེས་བྱས་པ།
སྤེལ་བའི་དུས་ཚོད། : 2018-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༩ཉིན་ཨུ་རུ་སུའི་ཙུང་ཐུང་གསར་འགྱུར་དྲུང་ཡིག་ཕའེ་སེ་ཁོ་ཧྥུས། ཨུ་རུ་སུ་དང་ཨ་རིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུག་འཕྲད་སྐོར་གྱི་ཡིག་ཆ་བརྗེ་རེས་བྱས་ཡོད་ཅེས་བསྟན་གནང་ཡོད།

ཕའེ་སེ་ཁོ་ཧྥུས། ཕྱི་འབྲེལ་གྱི་རྒྱུན་སྲོལ་ལྟར། མིག་སྔའི་ཆར་ཨུ་རུ་སུ་དང་ཨ་རིས་ཙུང་ཐུང་གཉིས་པོའི་ཐུག་འཕྲད་ཆེད་གྲ་སྒྲིག་བྱ་འགོ་ཚུགས་ཡོད་པ་དང་། ལངས་ཕྱོགས་ཡིག་ཆ་བརྗེ་རེས་བྱེད་སྒང་ཡིན་པས། དེའི་ཁྱབ་ཁོངས་ནང་ཕྱོགས་གཉིས་པོའི་བསམ་འཆར་མི་མཐུན་པའི་གནད་དོན་ཚུད་ཡོད་ལ། ལྟ་བ་གཅིག་མཚུངས་འཚོལ་ཐབས་བྱེད་པའི་སྐོར་གྱི་གྲོས་གཞི་ཡང་ཚུད་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།