དབྱི་རན་གྲོས་དཔོན་གྱིས་དབྱི་རན་གྱིས་ཕྱིའི་རྒྱལ་ཁབ་ནས་མ་འཇོག་བྱེད་པར་ཚད་བཀག་ལྷུག་གཏོང་བྱེད་འགོ་ཚུགས་ཡོད་ཅེས་བཤད་པ།
སྤེལ་བའི་དུས་ཚོད། : 2018-06-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༢ཉིན་དབྱི་རན་གྱི་གྲོས་དཔོན་ལ་ལི་ཅ་ཉིས། ཨ་རིས་དབྱི་རན་ཉིང་རྡུལ་གྲོས་ཆོད་ནས་དོན་རྒྱུའི་ཁྱབ་བསྒྲགས་བྱས་རྗེས་དབྱི་རན་གྱིས་ཕྱིའི་རྒྱལ་ཁབ་ནས་མ་འཇོག་བྱེད་པར་ཚད་བཀག་ལྷུག་གཏོང་སྔར་ལས་ལྷག་པ་བྱེད་འགོ་ཚུགས་ཡོད་ཅེས་གསུངས་པ་རེད།

ལ་ལི་ཅ་ཉིས། ཨ་རིའི་བྱ་སྤྱོད་དེས་ཕྱི་རྒྱལ་གྱིས་ཨ་རིར་མ་འཇོག་བྱེད་རྒྱུར་ཤུགས་རྐྱེན་ཐེབས་ཡོད། དབྱི་རན་གྱིས་བྱེད་ཐབས་བཟུང་ནས་ཕྱི་རྒྱལ་གྱི་མ་འཇོག་ཡིད་འགུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

ཕྱི་རྒྱལ་གྱི་མ་འཇོག་ཡིད་འགུག་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཐད་ལ་ལ་ལི་ཅ་ཉིས། འདི་ཡང་འབྱུང་འགྱུར་ཟླ་བ་འགའ་ཤས་ནང་གི་ཨ་རིའི་བྱེད་སྟངས་ལ་ལྟ་རྒྱུ་ཡིན་པ་དང་། ང་ཚོས་དེ་བས་ཞིབ་ཅིང་ཕྲ་བའི་སྲིད་ཇུས་ཀྱི་སྒྲོམ་གཞི་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།