དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་ཆུ་འོག་དོང་ལམ་ཞིག་བརླགས།
སྤེལ་བའི་དུས་ཚོད། : 2018-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཞིན་ཧྭ་གསར་འགྱུར་ཁང་གིས་ཡེ་ལུའུ་ས་ལུན་ནས་བསྒྲགས་པའི་གསར་འགྱུར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཚེས་བཅུ་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་མཁའ་དམག་གིས་གཟའ་འཁོར་གཅིག་གི་སྔོན་ལ་ཅ་ཧྲ་ས་ཁུལ་ལྷོ་ཕྱོགས་ཀྱི་མཐའ་མཚམས་སུ་ཡོད་པའི་ཆུ་འོག་དོང་ལམ་ཞིག་བརླགས་པ་ཡིན་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པས་བཤད་རྒྱུར། ཆུ་འོག་དོང་ལམ་དེ་ནི་དབྱི་སི་རལ་དང་ཅ་ཧྲ་ས་ཁུལ་འབྲེལ་མཚམས་ཀྱི་ལྷོ་ཕྱོགས་སུ་ཡོད་ལ། དེ་སྔོན་བརླགས་པའི་དོང་ལམ་དང་མི་འདྲ་བ་ནི། དོང་ལམ་དེའི་ཁག་ཅིག་མཚོ་ནང་དུ་ཡོད་པས། དོང་ལམ་དུ་འཛུལ་མཁན་རྣམས་མཚོ་དམག་གིས་མཐོང་ཧ་ཅང་དཀའ་ཟེར།

མགྲིན་ཚབ་པ་དེས་བཤད་རྒྱུར། དེ་ནི་ཉེ་བའི་ལོ་འགའི་རིང་ལ་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་མཐའ་མཚམས་ནས་བརླགས་པའི་དོང་ལམ་བཅུ་པ་ཡིན་ལ། ཆུ་འོག་དོང་ལམ་ཐོག་མ་ཡིན། དེས་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་དབྱི་སི་རལ་གྱི་མཚོ་དམག་གི་མཚོ་ཐོག་བཀག་སྡོམ་ལས་བརྒལ་འདོད་ཡོད་པར་བདེན་དཔང་བྱས་ཡོད་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་བཞི་ལོར་ཆུར་འཛུལ་སྒྲིག་ཆས་དང་མཚོན་ཆ་བཟུང་བའི་ཧ་མ་སིའི་དྲག་ཆས་མི་སྣ་འགའ་དབྱི་སི་རལ་ལྷོ་ཕྱོགས་ཀྱི་མཚོ་ཁ་ནས་འཛིན་བཟུང་བྱས་ཏེ་བསད་པ་རེད་ཟེར།

ཉིས་སྟོང་བདུན་ལོར་ཧ་མ་སིས་ཅ་ཧྲ་ས་ཁུལ་ལ་ཚོད་འཛིན་བྱས་རྗེས། དབྱི་སི་རལ་གྱིས་ས་ཁུལ་དེར་མཚོ་ཐོག་དང་སྐམ་ས། བར་སྣང་བཅས་ནས་བཀག་སྡོམ་ནན་མོ་བྱས། ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་དོང་ལམ་མང་པོ་བརྐོས་ཏེ་དངོས་རྫས་ལྐོག་འཚོང་བྱེད་པ་དང་དམག་དོན་གྱི་དམིགས་ཡུལ་ཐད་བཀོལ། ཅ་ཧྲ་ས་ཁུལ་གྱི་འཇིགས་སྣང་མེད་པར་བཟོ་ཆེད། དབྱི་སི་རལ་གྱིས་མཐའ་མཚམས་སུ་འགོག་གྱང་ལས་བཞིན་པ་མ་ཟད། ཚན་རྩལ་གྱི་བྱེད་ཐབས་བཀོལ་ནས་ཅ་ཧྲ་ནས་དབྱི་སི་རལ་གྱི་མངའ་ཁོངས་བར་དུ་འཐེན་པའི་དོང་ལམ་ལ་མྱུལ་ཞིབ་དང་རྩ་གཏོར་བྱེད་བཞིན་ཡོད།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།