མོ་ཁེར་གྱིས་ཀྲུང་གོ་སོགས་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ལུགས་བརྗོད་པ།
སྤེལ་བའི་དུས་ཚོད། : 2018-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་སྤྱི་ཚེས་བཅུ་ཉིན་གྱི་དགོང་དྲོ། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡི་རྒྱལ་ཁབ་བདུན་གྱི་དབུ་ཚོགས་ཐོག་གི་བྱེད་སྤྱོད་ལས་ཁོང་ལ་རེ་བ་སྟོང་ཟད་ཀྱི་ཚོར་སྣང་ཞིག་སྦྱིན་བྱུང་བས། ཡོ་རོབ་ཀྱིས་ནུབ་རྒྱ་མཚོ་ཆེན་མོ་རྒལ་བའི་རོགས་ཟླའི་འབྲེལ་བར་བློ་གཏད་བཅོལ་རྒྱུ་མེད་པར་མཉམ་འབྲེལ་གྱི་རང་སྟོབས་ཆེ་རུ་གཏོང་བ་དང་སྦྲགས་ཀྲུང་གོ་སོགས་རྒྱལ་ཁབ་གཞན་དག་དང་མཉམ་ལས་ཟབ་ཏུ་གཏོང་དགོས་ཞེས་དང་། ཁོང་གིས། ཐེ་རོན་ཕུས་གློ་བུར་དུ་རྒྱལ་ཁབ་བདུན་གྱི་ཚོགས་པའི་དབུ་ཚོགས་མཉམ་འབྲེལ་གསལ་བསྒྲགས་ལ་མིང་རྟགས་བཀོད་རྒྱུ་ཁས་ལེན་མ་བྱས་པར་བློ་ཕམ་ཆེན་པོ་བྱུང་ཞེས་བརྗོད་པ་རེད།

འོན་ཏེ་འཇར་མན་གྱིས་དེ་དང་དུས་མཚུངས་ཨུ་རུ་སུ་དང་སྐད་ཆ་བཤོད་རེས་ཀྱི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ་མ་ཟད་འཇར་པན་དང་ཁ་ན་ཀྲ རྒྱ་གར། ཀྲུང་གོ་བཅས་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།