སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱིས་ཅོར་ཀྲན་ལ་ཨ་སྒོར་དུང་ཕྱུར་25རི་བའི་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2018-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ཀྱི་དྲ་ཐོག་ནས་སྤེལ་བའི་གནས་ཚུལ། སོ་ཏི་ཨ་རབ་དང་། ཨ་རབ་ཚོ་དཔོན་རྒྱལ་ཁབ། ཁུ་ཝེ་ཐེ་བཅས་རྒྱལ་ཁབ་གསུམ་གྱིས་ས་གནས་ད་གའི་དུས་ཚོད་སྤྱི་ཚེས་བཅུ་གཅིག་ཉིན་གྱི་ཐོ་རེངས་སྐབས་ཅོར་ཀྲན་ལ་ཨ་སྒོར་དུང་ཕྱུར་25རི་བའི་དཔལ་འབྱོར་གྱི་རོགས་སྐྱོར་བྱས་ནས་རྒྱལ་ནང་གི་དཔལ་འབྱོར་དཀའ་གནད་ལ་ཁ་གཏད་བཅོག་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་འདུག

གོང་གསལ་རྒྱལ་ཁབ་གསུམ་གྱི་དབུ་ཁྲིད་མི་སྣས་དེ་ཉིན་སྔ་དྲོ་ཅོར་ཀྲན་གྱི་རྒྱལ་ཐོག་གཉིས་པ་ཨབ་ཏུ་ར་དང་ལྷན་དུ་སོ་ཏི་ཨ་རབ་ཀྱི་མན་ཅར་གྲོས་ཚོགས་འཚོགས་ནས་ཅོར་ཀྲན་འདི་ཉིད་མིག་སྔའི་དཔལ་འབྱོར་གྱི་དཀའ་གནད་ལས་སྒྲོལ་རོགས་བྱ་རྒྱུའི་ཐད་ཞིབ་གྲོས་བྱས་ཤིང་། ཞིབ་གྲོས་ཚོགས་འདུ་མཇུག་སྒྲིལ་རྗེས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ལས་མངོན་པར། སོ་ཏི་ཨ་རབ་དང་། ཨ་རབ་ཚོ་དཔོན་རྒྱལ་ཁབ། ཁུ་ཝེ་ཐེ་བཅས་རྒྱལས་ཁབ་གསུམ་གྱིས་ཅོར་ཀྲན་ལ་ཨ་སྒོར་དུང་ཕྱུར་25རི་བའི་དཔལ་འབྱོར་གྱི་རོགས་སྐྱོར་རབ་དང་རིམ་པ་བྱ་རྒྱུ་ཡིན་པ་དང་། དེའི་ཁྲོད་སུ་ཀྲན་ཀྲུང་དབྱང་དངུལ་ཁང་གི་དངུལ་བཅོལ་དང་། འཛམ་གླིང་དངུལ་ཁང་གིས་སུ་ཀྲན་ལ་ཁག་ཐེག་མཁོ་འདོན། མུ་མཐུད་དེ་ལོ་ལྔའི་ནང་ཅོར་ཀྲན་སྲིད་གཞུང་གི་ནོར་སྲིད་ལ་རྒྱབ་སྐྱོར་བྱས་ནས་ཅོར་ཀྲན་རྒྱལ་ནང་གི་གལ་ཆེའི་རྣམ་གྲངས་ཐད་མ་འཇོག་སོགས་མཁོ་འདོན་བྱ་རྒྱུ་སོགས་ཚུད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།