གུ་ཐེ་ལི་སིས་ཨ་ཧྥུ་ཀ་ནི་སི་ཐན་ཐ་ལི་པན་གྱིས་སྨྱུང་གནས་གྲོལ་བའི་དུས་ཆེན་རིང་ལ་ས་གནས་ཁག་ཅིག་ཏུ་དམག་མཚམས་བཞག་པར་དགའ་བསུ་ཞུས་པ།
སྤེལ་བའི་དུས་ཚོད། : 2018-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གུ་ཐེ་ལི་སིས་སྤྱི་ཚེས་༩ཉིན་མགྲིན་ཚབ་པ་བརྒྱུད་ནས་གསལ་བསྒྲགས་སྤེལ་ཞིང་། ཨ་ཧྥུ་ཀ་ནི་སི་ཐན་ཐ་ལི་པན་གྱིས་སྨྱུང་གནས་གྲོལ་བའི་དུས་ཆེན་རིང་གི་ཉིན་གསུམ་ནང་ས་གནས་ཁག་ཅིག་ཏུ་དམག་མཚམས་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་པར་དགའ་བསུ་ཞུས་པ་དང་། ཁོང་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་གདོང་ཐུག་ལ་དམག་དོན་ཐག་གཅོད་བྱེད་ཐབས་མེད་པས། ཆབ་སྲིད་ཐག་གཅོད་ཁོ་ན་བརྒྱུད་ནས་ཨ་ཧྥུ་ཀ་ནི་སི་ཐན་མི་དམངས་ཀྱི་སྡུག་བསྔལ་དེ་སེལ་དགོས་པ་དང་། འབྲེལ་ཡོད་ཕྱོགས་ཁག་གིས་གོ་སྐབས་དེ་བཟུང་ནས། ཨ་ཧྥུ་ཀ་ནི་སི་ཐན་བས་གཙོ་ཁྲིད་དང་། ཨ་ཧྥུ་ཀ་ནི་སི་ཐན་བར་གཏོགས་པའི་ཞི་བདེའི་འཕེལ་རིམ་དེ་ལ་བསུ་བ་ཞུ་དགོས་ཞེས་འཁོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།