ཐེ་རོན་ཕུའུ་སིང་ཀ་ཕོར་དུ་འབྱོར་བ་དང་བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་ཁྲིད་མི་སྣའི་འཇལ་འཛོམས་ཚོགས་འདུར་ཞུགས་རྒྱུ།
སྤེལ་བའི་དུས་ཚོད། : 2018-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་བདུན་ཚོགས་པའི་དབུ་ཚོག་ཚོགས་འདུ་ནས་སྔོན་ལ་ཁ་བྲལ་བའི་ཨ་རའི་ཙུང་ཐུང་ཐེ་རོན་ཕུའུ་སྤྱི་ཚེས་10ཉིན་གྱི་དགོང་དྲོར་གནམ་གྲུར་བསྡད་དེ་སིང་ཀ་ཕོར་དུ་འབྱོར་བ་དང་འཆར་གཞི་ལྟར་སྤྱི་ཚེས་12ཉིན་བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་ཁྲིད་མི་སྣའི་འཇལ་འཛོམས་ཚོགས་འདུར་ཞུགས་རྒྱུའི་གྲ་སྒྲིག་ཡོད་པ་རེད། འཆར་གཞི་ལྟར། སྤྱི་ཚེས་12ཉིན་ཐེ་རོན་ཕུའུ་དང་བྱང་ཁོ་རེ་ཡའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གྱི་ཨུ་ཡོན་ཀྲང་ཅིན་ཀྲང་ཨན་ཧྲིན་ཐའོ་བྱེ་མའི་གླིང་ཕྲན་ཐོག་གྱི་ཅའ་ཕའོ་ལའ་གསོལ་གྲོན་ཁང་དུ་མཇལ་འཛོམས་གནང་རྒྱུ་རེད།

དེ་ནི་ལོ་རྒྱུས་ཐོག་བྱང་ཁོ་རེ་ཡ་དང་ཨ་རིའི་རྒྱལ་ཁབ་གཉིས་པོས་འགོ་ཁྲིད་མི་སྣའི་འགན་བཞེས་སྐབས་ཀྱི་ཐོག་མའི་མཇལ་འཛོམས་ཡིན་པ་རེད། སྤྱི་ཚེས་10ཉིན་སིང་ཀ་ཕོར་གྱི་ཕྱི་འབྲེལ་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་སྤེལ་ནས་སིང་ཀ་ཕོར་གྱི་ཙུང་ལི་ལིའི་ཞན་ལུང་སྤྱི་ཚེས་11ཉིན་ཐེ་རོན་ ཕུའུ་དང་མཇལ་འཛོམས་གནང་རྒྱུ་དང་། སྤྱི་ཚེས་10ཉིན་ལའི་ཞན་ལུང་གིས་ཙུང་ཐུང་ལས་ཤག་ལ་སིང་ཀ་ཕོར་དུ་སྔོན་ནས་སླེབས་ཟིན་པའི་ཅིན་ཀྲང་ཨན་དང་མཇལ་འཛོམས་གནང་བ་རེད་ཅེས་ཁྱབ་བསྒྲགས་བྱས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།