ཝང་དབྱིད་ཀྱིས་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལས་འཛིན་དཔོན་གསར་པ་ཕན་ཅི་ཝུན་དང་མཇལ་འཛོམས་གནང་བ།
སྤེལ་བའི་དུས་ཚོད། : 2018-05-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོག་ཝང་དབྱིད་ཀྱིས་སྤྱི་ཚེས་14ཉིན་པེ་ཅིང་དུ་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལས་འཛིན་དཔོན་གསར་པ་ཕན་ཅི་ཝུན་དང་མཇལ་འཛོམས་གནང་ཡོད།

ཝང་དབྱིད་ནས་ཕན་ཅི་ཝུན་ལས་འཛིན་དཔོན་དུ་བདམ་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཁོང་གིས། པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་བཙུགས་ནས་ལོ་17ཕྱིན་པའི་ནང་ཡར་རྒྱས་གང་ལེགས་བྱུང་ཡོད། གླེང་སྟེགས་དེ་སྐབས་གསར་པའི་ལས་འཛིན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག ཨེ་ཤ་ཡར་རྐང་པ་ཚུགས་ནས་འཛམ་གླིང་ལ་ཁ་ཕྱོགས་པ་དང་། ཨེ་ཤ་ཡའི་འཐུས་ཚབ་བྱས་ནས་འཛམ་གླིང་ལ་སྐྱོད་ཐུབ་པ་དང་། ཨེ་ཤ་ཡ་དང་འཛམ་གླིང་ཧྲིལ་པོར་འཕྲད་པའི་གནད་དོན་ལ་གྲོས་བསྡུར་དང་ཐག་གཅོད་བྱེད་ཐད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་ལུགས་མཚོན་པ་གནང་བ་དང་། ཀྲུང་གོ་འདི་ཉིད་གླེང་སྟེགས་ཀྱི་སྦྱིན་བདག་རྒྱལ་ཁབ་ཡིན་པའི་ངོས་ནས་སྔར་རྒྱུན་བཞིན་གླེང་སྟེགས་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཕན་ཅི་ཝུན་ནས། ཉེ་བའི་ལོ་ཤས་ནང་། རྒྱལ་སྤྱིའི་གནས་བབ་ལ་འགྱར་ལྡོག་ཆེན་པོ་བྱུང་ཡོད་པ་དང་། ཀྲུང་གོའི་ཤུགས་རྐྱེན་ཐེབས་ཤུགས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། གླེང་སྟེགས་ནས་ཆབ་སྲིད་དང་། ཚོང་དོན། རིག་གཞུང་ལས་རིགས་བཅས་ཀྱི་སྐད་ཆ་ཤོད་རེས་ཀྱི་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཨེ་ཤ་ཡ་དང་འཛམ་གླིང་གི་གོང་འཕེལ་ལ་པའོ་ཨོ་ཡི་ཇུས་གཞི་བཏོན་རྒྱུ་ཡིན་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།