མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡ་དང་ཞེ་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་ལག་བསྟར་དྲུང་ཡིག་གིས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་གདེང་འཇོག་མཐོ་པོ་གནང་བ།
སྤེལ་བའི་དུས་ཚོད། : 2018-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་སྐབས་༧༤པའི་ལོ་ཚོགས་དེ་སྤྱི་ཚེས་༡༤ཉིན་ཐེ་ལན་གྱི་པང་ཁོག་རུ་གཉེར་ཡོད་པ་རེད། ཨེ་ཤ་ཡ་དང་ཞེ་བདེ་རྒྱ་མཚོ་ཆེན་མོ་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག་ཨ་ཧེ་ཐ་འར་གྱིས་འགོ་ཚུགས་མཛད་སྒོའི་ཐོག རྒྱུད་གཅིག་ལམ་གཅིག་གི་གྲོས་འགོས་འཛམ་གླིང་ཧྲིལ་པོ་དང་ས་ཁོངས་མཉམ་ལས་ལ་གལ་ཆེའི་དོན་སྙིང་ལྡན་ཡོད་ཅེས་གདེང་འཇོག་མཐོ་པོ་གནང་ཡོད།

ཨ་ཧེ་ཐ་འར་གྱིས། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གོང་འཕེལ་གྱི་གལ་ཆེའི་བཟང་ཆ་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་གལ་ཆེའི་དོན་སྙིང་ལྡན་ཡོད་པས། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་། ས་ཁོངས་མཉམ་འབྲེལ་མཉམ་མཐུད་དྲ་བ་སྲུབས་མེད་ཀྱི་འབྲེལ་མཐུད་སོགས་ལ་ཤུགས་སྣོན་རྒྱག་རྒྱུར་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་རྒྱུ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གོང་འཕེལ་ལ་རྒྱུན་མཐུད་ངང་སྟོབས་ལྡན་གྱི་གསོན་ཤུགས་སྦྱིན་ཐུབ་པར་སྐུལ་མ་གཏོང་རྒྱུ་རེད་ཅེས་་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།