དབྱི་སི་རལ་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་ཁང་གིས་སྐྱོན་འཛུགས་དང་རྒོལ་གཏམ་སྐད་སྒྲའི་ཁྲོད་ཅེབ་རུ་ས་ལམ་དུ་གཞུང་ཚབ་ཆེན་མོ་ཁང་བཙུགས་པ།
སྤེལ་བའི་དུས་ཚོད། : 2018-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཕ་ལེ་སི་ཐན་བའི་དྲག་པོའི་རྒོལ་གཏམ་དང་རྒྱལ་ཁབ་མང་པོའི་སྐྱོན་འཛུགས་ཀྱི་སྐད་སྒྲའི་ཁྲོད། དབྱི་སི་རལ་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་ཁང་སྤྱི་ཚེས་༡༤ཉིན་དངོས་སུ་ཅེབ་རུ་ས་ལམ་དུ་བཙུགས་ཡོད་པ་རེད།

དཔོན་རིགས་རྒྱ་ལྷག་ཙམ་ཉིན་དེར་ཨ་རིའི་གཞུང་ཚབ་ཆེན་མོ་ཁང་གསར་པ་བཙུགས་པའི་མཛད་སྒོར་ཞུགས་ཡོད་པ་རེད། ཨ་རིའི་རྒྱལ་དོན་བློ་ཆེན་གཞོན་པ་ཧྲ་ལི་ཝན་གྱིས་ཨ་རིའི་ཕྱོགས་ཀྱི་འཐུས་མི་ཚོགས་པ་སྣེ་ཁྲིད་དེ་མཛད་སྒོར་ཞུགས་པ་དང་། དེའི་ནང་དུ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའི་བུ་མོ་དབྱི་ཝན་ཁ་དང་།ཁོང་གི་བཟའ་ཟླ་ཁུ་ཧྲེ་ན། དེ་བཞིན་ཨ་རིའི་ནོར་སྲིད་པུའུ་ཀྲང་མུ་ནུ་ཆིན་སོགས་ཚུད་ཡོད་པ་རེད།

ཐེ་རོན་ཕུས་བརྙན་འཐུང་བརྒྱུད་ནས་ཤེས་ཚིག་གསུང་སྐབས། དབྱི་སི་རལ་དུ་བཅའ་སྡོད་ཨ་རི་གཞུང་ཚབ་ཆེན་མོ་ཁང་དེ་ཐེ་ལ་ཝེ་ཧྥུ་ནས་ཅེབ་རུ་ས་ལམ་དུ་གནས་སྤོས་བྱ་རྒྱུ་དེ་ནི་སྔ་ས་ནས་བྱེད་དགོས་པའི་ལས་ཀ་ཞིག་ཡིན་ཞེས་དང་། ཁོང་གིས། ཨ་རིས་མུ་མཐུད་ནས་དབྱི་སི་རལ་དང་ཕ་ལེ་སི་ཐན་བར་གྱི་རྒྱུན་མཐུད་ཞི་བདེའི་གྲོས་ཆོད་སྐུལ་འདེད་བཏང་རྒྱུར་ཤུགས་རྒྱག་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུས་མཛད་སྒོའི་ཐོག་ཐེ་རོན་ཕུས་དམ་བཅའ་བརྩི་སུང་ཞུ་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད།

ཅེབ་རུ་ས་ལམ་གྱི་གནད་དོན་ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་ཞེ་བདེའི་འཕེལ་རིམ་ཁྲོད་ཀྱི་འགོག་རྐྱེན་གྱི་གྲས་ཞིག་ཡིན་པ་དང་། དབྱི་སི་རལ་གྱི་སྤྱི་ལོ་༡༩༦༧ལོར་ཤར་ཅེབ་རུ་ས་ལམ་བཙན་སུང་བྱས་པའི་རྗེས། ཕྱོགས་རྐྱང་པའི་ཐོག་ནས་ཅེབ་རུ་ས་ལམ་ཆ་ཚང་ནི་རྒྱུན་རིང་དང་ཁ་བྲལ་གཏོང་མི་རུང་བའི་རྒྱལ་ས་ཞིག་ཡིན་ཞེས་བཤད་ཀྱི་ཡོད་པ་དང་། ཕ་ལེ་སི་ཐན་ཕྱོགས་ནས་ཤར་ཅེབ་རུ་ས་ལམ་གྱིས་རྒྱལ་ས་བྱེད་པའི་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་རྒྱུའི་བླང་བྱ་བཏོན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཐོག་དབྱི་སི་རལ་ལ་ཅེབ་རུ་ས་ལམ་ཡོངས་ལ་བདག་དབང་ཡོད་པ་ཁས་ལེན་བྱེད་ཀྱི་མེད་ཅིང་། དེ་ནི་དབྱི་སི་རལ་དང་ཕྱི་འབྲེལ་འབྲེལ་བ་ཡོད་པའི་རྒྱལ་ཁབ་མང་པོས་གཞུང་ཚབ་ཆེན་མོ་ཁང་དེ་ཐེ་ལ་ཝེ་ཧྥུར་བཙུགས་པ་ལས། ཅེབ་རུ་ས་ལམ་དུ་བཙུགས་མེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།