ཕ་ལི་སི་ཐན་གྱི་འགོག་རྒོལ་པ་དང་དབྱི་སི་རལ་དམག་དབར་གྱི་གདོང་ཐུག་གིས་ཕ་ལི་སི་ཐན་བ་༥༥རྐྱེན་ལམ་དུ་བཏང་བ།
སྤེལ་བའི་དུས་ཚོད། : 2018-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༤ཉིན། ཕ་ལི་སི་ཐན་མི་དམངས་ཀྱིས་པ་ཏོ་ཏི་ས་ཁུལ་དུ་ རྔམ་སྟོན་ཁྲོམ་སྐོར་བྱས་ནས། དབྱི་སི་རལ་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་ཁང་ཉིན་དེར་ལྕེབ་རུ་ས་ལེམ་དུ་དངོས་སུ་སྒོ་ཕྱེ་བར་ངོ་རྒོལ་བྱས་ཡོད་པ་རེད། ངོ་རྒོལ་བྱེད་མཁན་དང་དབྱི་སི་རལ་དམག་མིའི་དབར་གདོང་ཐུག་བྱུང་ནས། ཉུང་མཐར་ཡང་ཕ་ལི་སི་ཐན་བ་༥༥རྐྱེན་ལམ་དུ་ཤོར་བ་དང་། མི་༢༨༠༠ལྷག་ཙམ་ལ་རྨས་སྐྱོན་བཟོས་ཡོད་པ་རེད། དབྱི་སི་རལ་གྱི་སྨྱན་སྦྱོར་ཚན་པས། དེ་ནི་སྤྱི་ལོ་༢༠༡༤ལོར་ཀ་ཧྲ་ས་ཁུལ་དུ་དམག་དམག་འཁྲུག་བྱུང་ཚུན་ཕ་ལི་སི་ཐན་བ་ཉིན་གཅིག་ནང་འདས་གྲོངས་བྱུང་ཚད་མང་ཤོས་ཀྱི་ཉིན་དེ་རེད་ཅེས་བསྟན་ཡོད་པ་རེད།

ཕ་ལི་སི་ཐན་འཕྲོད་བསྟེན་པུའི་ཀ་ཧྲ་ས་ཁུལ་གྱི་འགན་ཁུར་བ་ཨ་པོ་ལི་ཧྲེན་གྱིས་དེ་ཉིན་མཚན་མོ་སྐོང་འཚོགས་བྱས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག མཚམས་དེར། ཕ་ལི་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་པོས་སྤྱི་ཟླ་༣པའི་ཚེས་༣༠ཉིན་ནས་བཟུང་ཀ་ཧྲ་ས་ཁུལ་མཐའ་མཚམས་གདོང་ཐུག་གིས་ཕ་ལི་སི་ཐན་བ་༡༠༤རྐྱེན་ལམ་དུ་བཏང་ཡོད་ཅེས་བཤད་ཡོད་པ་རེད།

སྤྱི་ཚེས་༡༤ཉིན། ཕ་ལི་སི་ཐན་གྱི་ཙུང་ཐུང་ཨ་པ་སིས་ལ་མོ་ཨན་ལར། སྤྱི་ཚེས་༡༥ཉིན་ནས་བཟུང་། ཕ་ལི་སི་ཐན་གྱིས་ཀ་ཧྲ་ས་ཁུལ་དུ་རྐྱེན་ལམ་དུ་ཤོར་བའི་མི་སྣར་རྒྱལ་དར་ཕྱེད་ཀ་ཕབ་ནས་མྱ་ངན་ཉིན་གསུམ་ཞུ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། རིན་ཆེན་དབང་འདུས།