རྒྱལ་ཁབ་ཁ་ཤས་ཀྱིས་དབྱི་སི་རལ་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་ཁང་ལྕེབ་རུ་ས་ལེམ་དུ་གནས་སྤོ་བྱས་པར་ངོ་རྒོལ་བྱས་པ།
སྤེལ་བའི་དུས་ཚོད། : 2018-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༤ཉིན། ཨ་རིས། དབྱི་སི་རལ་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་ཁང་ཐེ་ལ་ཝེ་ཧྥུ་ནས་ལྕེབ་རུ་ས་ལེམ་ལ་གནས་སྤོ་བྱས་ཡོད་པ་དང་། རྒྱལ་ཁབ་ཁ་ཤས་ཀྱིས་ཉིན་དེ་རང་ལ་ཨ་རིའི་བྱེད་སྟངས་དེར་སུན་སྦྱིན་དང་ངོ་རྒོལ་བྱས་ཡོད་པ་རེད།

སྤྱི་ཚེས་༡༤ཉིན། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ལ་ཏི་ལི་ཨང་གིས། ཧྥ་རན་སི་ཕྱོགས་ནས་ཨ་རིས་དབྱི་སི་རལ་དུ་བཅའ་སྡོད་གཞུང་ཚབ་ཆེན་མོ་ཁང་ལྕེབ་རུ་ས་ལེམ་དུ་གནས་སྤོ་བྱས་པར་ངོ་རྒོལ་བྱས་ཡོད་པ་དང་། གཏན་འབེབས་དེ་ མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འབྲེལ་ཡོད་གྲོས་ཆོད་དང་རྒྱབ་འགལ་དུ་སོང་ཅེས་བཤད་ཡོད་པ་རེད།

སྤྱི་ཚེས་༡༤ཉིན། ལི་པ་ནོན་གྱི་ཙུང་ལི་ས་ཧ་ཏེ ཧ་ལི་ལིས། ཨ་རིའི་གཏན་འབེབས་དེས་ས་ཁུལ་གྱི་ཞི་བདེའི་འཕེལ་རིམ་འཆི་ལམ་དུ་བསྐྱལ་ཡོད། འཁྲུག་རྐྱེན་སློང་བའི་བྱ་སྤྱོད་དེས་གདོང་ཐུག་ཤུགས་ཆེར་བཏང་ང་བ་དང་། དྲག་ཤུགས་དང་ཐལ་སྐྱོད་སྒྲིག་འཛུགས་ཐོན་རྒྱུར་རོགས་འདེགས་བྱས་ཡོད་ཅེས་དང་། ཁོང་གིས་དེ་དང་ཆབས་གཅིག རྒྱལ་སྤྱིའི་སྤྱི་ཚོགས་ནས་བྱ་ཐབས་གང་མགྱོགས་བྱ་ཐབས་བཟུང་ནས་འཇིགས་སྣང་ཅན་གྱི་བཤན་པ་དེ་རྩ་མེད་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད།

སྤྱི་ཚེས་༡༤ཉིན། ཅོར་ཏན་གསར་འགྱུར་བྱ་དོན་གྱི་རྒྱལ་དོན་བློན་ཆེན་དང་སྲིད་གཞུང་གི་མགྲིན་ཚབ་པ་གཅིག་ལྕོགས་མུ་མ་ཉིས། ཨ་རིའི་བྱ་སྤྱོད་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་སྲོལ་ཡིག་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་རྡོག་རོལ་བཏང་བ་ཞིག་རེད། ཅོར་ཏན་ཕྱོགས་ནས་བྱ་ཐབས་དེ་ནི་ནུས་པ་མེད་ལ་ཁྲིམས་འགལ་ཞིག་ཡིན་པ་དང་། ལྕེབ་རུ་ས་ལེམ་གྱི་གནས་བབ་གནད་དོན་ངེས་པར་དུ་རྒྱལ་སྤྱིའི་རྩ་ཁྲིམས་ཀྱི་རྨང་གཞིའི་ཐོག ཕ་ལི་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་པོས་གྲོས་མོལ་བྱས་པ་རྒྱུད་ཐག་གཅོད་བྱ་དགོས་ཞེས་གསལ་བསྒྲགས་སྤེལ་ཡོད་པ་རེད།

སྤྱི་ཚེས་༡༤ཉིན། ཨེ་རྗེབ་ཀྱི་ཕྱི་འབྲེལ་པུས་གསལ་བསྒྲགས་སྤེལ་ཡོད་པ་དང་། གསལ་བསྒྲགས་ནང་། དབྱི་སི་རལ་ཕྱོགས་ནས་རང་ཉིད་ཀྱིས་ཁྲིམས་མཐུན་ལུགས་མཐུན་གྱི་ཁེ་དབང་རྩོད་ལེན་བྱེད་པའི་ཨེ་རྗེབ་ཀྱི་ཞི་བདེའི་རྔམ་སྟོན་པར་ བྱས་པར ངོ་རྒོལ་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་དང་། ཨེ་རྗེབ་ནས་ཕ་ལི་སིན་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། རང་བཙན་ཡིན་ལ་ལྕེབ་རུ་ས་ལེམ་རྒྱལ་ས་ཡིན་པའི་ཕ་ལི་སི་ཐན་རྒྱལ་ཁབ་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

དེ་མིན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེ་མོ་ཀའེ་ཐེས་ཀྱང་ཉིན་དེ་རང་ལ། ཨ་རིས་དབྱི་སི་རལ་དུ་བཅའ་སྡོད་གཞུང་ཚབ་ཆེན་མོ་ཁང་ཐེ་ཝུ་ཧྥུ་ནས་ལྕེབ་རུ་ས་ལེམ་དུ་གནས་སྤོས་བྱས་པའི་བྱ་ཐབས་དེ་ཧ་ཅང་ཉེན་ཁ་ཆེ་བ་ཞིག་རེད་ཅེས་དང་། ཁོང་གིས། ཕ་ལི་སི་ཐན་ཕྱོགས་ནས་ཨ་རིས་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་གདུམ་འགྲིག་པའི་འོས་འགན་དེ་དོར་ཟིན་པའི་ངོས་འཛིན་བྱས་པ་དང་། ཁོང་གིས། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱལ་སྤྱིའི་བཅའ་ཁྲིམས་ལྟར་ཕ་ལི་སི་ཐན་མི་དམངས་དང་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཞི་བས་ཐག་གཅོད་བྱེད་པར་གནོད་འཚེ་བཟོ་བའི་བྱ་སྤྱོད་མི་བཟུང་རྒྱུའི་སྐུལ་འདེད་བཏང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། རིན་ཆེན་དབང་འདུས།