རྒྱ་གར་ནས་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་སྣུམ་འདྲུད་རླངས་འཁོར་ཞིག་ཐོ་བརྒྱབ་སྟེ་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།
སྤེལ་བའི་དུས་ཚོད། : 2018-05-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱ་གར་དབུས་ཕྱོགས་ཀྱི་མཱ་ཧཱ་ལཱ་ཧྲི་ཐི་ལཱ་པང་ནས་ཚེས་བཅུ་གཉིས་ཉིན་སྟོན་མོར་ཞུགས་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་སྣུམ་འདྲུད་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཟེར།

རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་མ་བྱུང་གོང་རླངས་འཁོར་དེ་གཉིས་ཀྱི་མྱུར་ཚད་ཧ་ཅང་མགྱོགས་པ་རེད། འདས་པོའི་ཁྲོད་མང་ཆེ་བ་ནི་བུད་མེད་རེད།

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། མིག་སྔར་རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ལ། བྲོས་བྱོལ་བྱས་པའི་སྣུམ་འདྲུད་རླངས་འཁོར་དེའི་ཁ་ལོ་བའི་རྗེས་འདེད་བྱེད་བཞིན་ཡོད་ཟེར།

ལམ་མི་བདེ་བ་དང་ཁ་ལོ་བ་མྱུར་ཚད་ལས་བརྒལ་བ། རླངས་འཁོར་ཐེག་ཚད་ལས་བརྒལ་བ་སོགས་ཁྲིམས་འགལ་བྱ་སྤྱོད་དབང་གིས་རྒྱ་གར་དུ་འགྲིམ་འགྲུལ་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།