འབར་ཀྲུང་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ་ལྔ་འཁོར་བར་རྟེན་འབྲེལ་ཞུས་པ།
སྤེལ་བའི་དུས་ཚོད། : 2018-05-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༣ཉིན་འབར་མ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱིས་རང་ཀོང་དུ་མཐུན་ཚོགས་བཙུགས་ནས་ལོ་ལྔ་འཁོར་བའི་རྟེན་འབྲེལ་བྱེད་སྒོ་སྤེལ་ཡོད།

འབར་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧྲེང་ཝེན་ཨང་གིས། མཐུན་ཚོགས་ཀྱིས་མུ་མཐུད་འབར་ཀྲུང་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་ལ་ཤུགས་སྣོན་དང་རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྲ་བརྟན་དུ་གཏོང་འདོད་ཡོད་ཅེས་དང་། ཧྲེང་ཝེན་ཨང་གིས་གསུང་བཤད་གནང་སྐབས། འབར་མ་དང་ཀྲུང་གོ་ནི་རི་ཆུ་འབྲེལ་བ་ཙམ་མ་ཟད་ད་དུང་ལོ་རྒྱུད་ཡུན་རིང་གི་སྲོལ་རྒྱུན་མཛའ་གྲོགས་ལྡན་ཡོད།

འབར་ཀྲུང་མཛའ་གྲོགས་མཐུན་ཚོགས་དེ་བཙུགས་པ་ནས་བཟུང་རྒྱལ་ཁབ་གཉིས་པོའི་ཕྱོགས་མང་པོའི་ཐད་ཀྱི་སྤེལ་རེས་ཐད་ལེགས་སྐྱེས་ཕུལ་བ་མ་ཟད་འབར་མ་དང་ཉེ་འཁོར་རྒྱལ་ཁབ་བར་མཛའ་གྲོགས་མཉམ་ལས་བྱ་ཆེད་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན། འབར་མས་རྒྱུད་གཅིག་ལམ་ལམ་གཅིག་ལྟ་བུའི་རྒྱལ་ཁབ་དང་ས་ཁུལ་ཙམ་མ་ཟད། ཐ་ན་འཛམ་གླིང་དར་རྒྱས་ཡོང་བའི་གྲོས་འགོའི་ནང་ཐེ་ཞུགས་བྱ་འདོད་ཡོད་ཅེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།