སོ་ཏེ་ཨ་རབ་དང་སི་ཕན་གྱིས་ཕྱོགས་གཉིས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རྣམ་པ་བསྟན་པ།
སྤེལ་བའི་དུས་ཚོད། : 2018-04-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སི་ཕན་དུ་འཚམས་འདྲི་ཞུ་བཞིན་པའི་སོ་ཏེ་ཨ་རབ་ཀྱི་རྒྱལ་རྒྱུད་ས་ལེ་མན་གྱིས་སྤྱི་ཚེས་༡༢ཉིན་སི་ཕན་གྱི་དབུ་བཞུགས་བློན་ཆེན་ལ་ཧོ་དབྱི་དང་གྲོས་མོལ་གནང་བ་དང་། ཕྱོགས་གཉིས་པོས་སོ་ཏེ་ཨ་རབ་ཀྱི་སྤྱི་ལོ་༢༠༣༠ལོའི་བསམ་འདུན་ཞེས་པའི་སྒྲོམ་གཞིའི་འོག་ཕྱོགས་གཉིས་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུ་མ་ཟད་འཇིགས་སྐུལ་ལ་ངོ་རྒོལ་གྱི་མཉམ་ལས་ཤུགས་ཆེར་གཏོང་རྒྱུའི་མོས་མཐུན་བྱས་ཡོད།

གྲོས་མོལ་ཁྲོད། ས་ལེ་མན་དང་ལ་ཧོ་དབྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་དང་ལྷག་པར་དུ་སི་རི་ཡ་དང་། དབྱི་རག ཡལ་མན། དེ་བཞིན་དབུས་ཤར་ཞི་བདེའི་འཕེལ་རིམ་སོགས་ཀྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་བྱས་ཡོད། ཁོང་རྣམ་པའི་བདེན་དཔང་འོག་སི་ཕན་གྱི་ན་དབན་ཏི་ཡ་གྲུ་གཟིངས་བཟོ་གྲྭ་དང་སོ་ཏེ་ཨ་རབ་ཀྱི་དམག་དོན་བཟོ་ལས་ཀུང་སིའི་བར་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་པ་དང་། ཕྱོགས་གཉིས་པོས་མཉམ་འབྲེལ་ཐོག་ཀུང་སི་བཙུགས་ནས་སོ་ཏེ་ཨ་རབ་མཚོ་དམག་གི་འབྱུང་འགྱུར་གོང་འཕེལ་འཆར་གཞིར་རྒྱབ་སྐྱོར་བྱ་རྒྱུའི་མོས་མཐུན་བྱས་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱ་མཚོ།