ལྗར་མན་སྲིད་གཞུང་གིས་ཉོ་ཚོང་འཁྲུག་རྩོད་རིམ་འཕར་གྱིས་འཛམ་གླིང་དཔལ་འབྱོར་འཕར་སྣོན་འགྲོ་བར་འཇིགས་སྣང་བཟོ་སྲིད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2018-04-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ལྗར་མན་རྒྱལ་ཕྲན་མཉམ་འབྲེལ་དཔལ་འབྱོར་པུའུ་ཡིས་སྤྱི་ཚེས་༡༢ཉིན་སྤེལ་བའི་ཟླ་འཁོར་གྱི་གསལ་བསྒྲགས་ནང་། རྒྱལ་སྤྱིའི་ཉོ་ཚོང་འཁྲུག་རྩོད་ཟམ་མི་ཆད་པར་ཇེ་སྡུག་ཏུ་སོང་བ་དེས་འཛམ་གླིང་དཔལ་འབྱོར་འཕར་སྣོན་འགྲོ་རྒྱུར་འཇིགས་སྣང་བཟོ་སྲིད་ཅེས་དང་། སྙན་ཞུའི་ནང་ཉོ་ཚོང་འཁྲུག་རྩོད་ཀྱིས་ཁྱབ་ཁོངས་ག་གེ་མོར་ཉོ་ཚོང་ལ་ཐད་ཀར་འགོག་རྐྱེན་བཟོ་སྲིད་པ་མ་ཟད། ཁེ་ལས་ལ་གཏན་འཁེལ་མེད་པའི་གནས་ཚུལ་བཟོ་སྲིད། གལ་ཏེ་གཏན་འཁེལ་མེད་པའི་གནས་ཚུལ་དེ་ལྟ་བུ་ཇེ་སྡུག་ཏུ་སོང་ཚེ། མིག་སྔའི་འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་བར་གཏོར་སྐྱོན་ཕོག་སྲིད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།