སི་རི་ཡའི་ཙུང་ཐུང་གིས་ཨ་རིས་སི་རི་ཡར་དྲག་པོའི་བྱ་ཐབས་བཟུང་ཚེ་ས་ཁུལ་གྱི་ཟིང་ཆ་ཆེ་རུ་འགྲོ་སྲིད་ཅེས་གསུངས་པ།
སྤེལ་བའི་དུས་ཚོད། : 2018-04-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༢ཉིན། སི་རི་ཡའི་ཙུང་ཐུང་པ་ཧྲའར་གྱིས་སི་རི་ཡར་འཚམས་འདྲིར་ཕེབས་པའི་དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་གྱི་ཕྱི་དོན་བློ་འདྲི་བྱེད་ཡུལ་ཝུའེ་ལ་ཡ་ཐིས་དང་མཇལ་འཛོམས་གནང་བ་དང་། ཕྱོགས་གཉིས་པོས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་སོགས་ཀྱི་གྲོས་གཞིར་བསམ་འཆར་སྤེལ་རེས་གནང་བ་དང་། དབྱི་རན་ཕྱོགས་ནས་མུ་མཐུད་སི་ར་ཡའི་སྲིད་གཞུང་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུའི་ལངས་ཕྱོགས་གསལ་སྟོན་བྱས་ཡོད། པ་ཧྲའར་གྱིས་གྲོས་མོལ་གནང་སྐབས། ཨ་རིས་སི་རི་ཡར་དམག་དོན་རྡུང་རྡེག་གཏོང་རྒྱུའི་འཇིགས་སྐུལ་བྱས་པ་དེས་ས་ཁུལ་གྱི་ཟིང་ཆ་ཆེ་རུ་ཕྱིན་ནས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་ཅེས་གསུངས་ཡོད་པ་དང་།

པ་ཧྲའར་ཡིས། ཏུང་ཀུ་ད་ས་ཁུལ་བཅིངས་འགྲོལ་བཏང་བ་དང་བསྟུན། རྒྱལ་ཁབ་དེ་དག་གིས་སྒྲིག་བཟོ་བྱས་པའི་རྫུན་གཏམ་རྒྱུ་རྐྱེན་དུ་བྱས་ཏེ། སི་རི་ཡར་བཙན་འཛུལ་བྱ་རྒྱུའི་འཇིགས་སྐུལ་བྱས་ཡོད། འཇབ་རྒོལ་གང་ཞིག་བྱས་རུང་ས་ཁུལ་གྱི་བརྟན་ལྷིང་ལ་གཏོར་སྐྱོན་བཟོ་བ་མ་ཟད་ད་དུང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་ཡང་ཉེན་ཁ་བཟོ་སྲིད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། རིན་ཆེན་དབང་འདུས།