ཡོ་རོབ་མནའ་འབྲེལ་གྱིས་ཀེ་རེ་སེ་སོགས་རྒྱལ་ཁབ་ཀྱིས་ཉམ་ཐག་མི་སེར་གྱི་གནད་དོན་ལ་ཁ་གཏད་གཅོག་པའི་ཐད་མུ་མཐུད་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2018-04-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༢ཉིན། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གནས་སྤོས་ཡུལ་མི་དང་། ནང་ཁུལ་བྱ་དོན་དང་སྤྱི་དམངས་ལས་དོན་གྱི་འགན་ཁུར་བ་གཙོ་བོ་ཨུ་ཡོན་ཨ་ཧྥུ་ལ་མོ་ཕུ་ལུ་སིས། ཨ་ཐེན་སིའི་ཉེ་འཁོར་གྱི་ཉམ་ཐག་མི་སེར་སྡོད་གནས་ཞིག་ལ་རྟོག་ཞིབ་གནང་སྐབས། ཡོ་རོབ་མནའ་འབྲེལ་གྱིས་མུ་མཐུད་ཀེ་རེ་སི་དང་དབྱི་ཏ་ལི་སོགས་ཉམ་ཐག་མི་སེར་གྱི་གནད་དོན་ལྷག་བསྡད་པའི་རྒྱལ་ཁབ་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ་བསྟན་ཡོད་པ་དང་།

ཨ་ཧྥུ་ལ་མོ་ཕུ་ལུ་སིས། ཡོ་རོབ་མནའ་འབྲེལ་དང་ཐུར་ཁེའི་དབར་གྱི་གྲོས་ཆོད་ལ་སྔར་བཞིན་ནུས་པ་ལྡན་ཡོད་པ་མ་ཟད་སྔར་བཞིན་ནུས་པ་ཐོན་བཞིན་ཡོད། ཡིན་ནའང་། ཉམ་ཐག་མི་སེར་གྱི་གནད་དོན་རྙོག་འཛིང་ཆེ་ལ་འགྱུར་ལྡོག་འགྲོ་སླ་བ་ཞིག་ཡིན་པས། རྒྱུན་དུ་དོགས་ཟོན་བྱ་དགོས། ཉམ་ཐག་མི་སེར་གྱི་ཉམས་ཉེན་ཐོན་པ་ནས་བཟུང་། ཡོ་རོབ་མནའ་འབྲེལ་གྱིས་ཀེ་རེ་སིར་ཡོ་རོབ་ཀྱི་སྒོར་མོ་དུང་ཕྱུར་༡༥ཙམ་མཁོ་འདོན་བྱས་ཡོད་པ་དང་། མིག་སྔར་གྲོས་ཆོད་ལ་གཞིགས་ནས་ཉེན་གཡོལ་གྱི་ཆ་རྐྱེན་དང་མི་འཚམ་པའི་མི་རྣམས་ཐུར་ཁེར་ཕྱིར་ལོག་གཏོང་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་དགོས་པ་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། རིན་ཆེན་དབང་འདུས།