ལྷོ་ཁོ་རེ་ཡས་ལྷོ་བྱང་འགོ་གཙོའི་གྲོས་མོལ་གྱི་གྲ་སྒྲིག་ཕྱོགས་བསྡུས་གནས་ཚུལ་ཁང་གི་ལས་སྒོ་གཉེར་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2018-04-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ལྷོ་ཁོ་རེ་ཡའི་ལྷོ་བྱང་འགོ་གཙོའི་གྲོས་མོལ་གྱི་གྲ་སྒྲིག་ཕྱོགས་བསྡུས་གནས་ཚུལ་ཁང་སྤྱི་ཚེས་12ཉིན་དངོས་སུ་བཙུགས་པ་མ་ཟད་ལས་དོན་སྒྲུབ་འགོ་ཚུགས་ཡོད།

ཙུང་ཐུང་ལས་ཤག་གི་མགྲིན་ཚབ་པ་ཅིན་དབྱི་ཆན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ཚེས་11ཉིན་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝུན་ཙའེ་ཡིང་གིས། ལྷོ་བྱང་ཁོ་རེ་ཡའི་འགོ་གཙོའི་ཐུག་འཕྲད་མ་བྱས་གོང་གྲོས་གཞི་དང་འཐབ་ཇུས་ལ་དབྱེ་ཞིབ་ཡག་པོ་བྱེད་པ་དང་། ཞིབ་ཕྲའི་ཉིན་རེའི་གྲོས་རིམ་གྲ་སྒྲིག་ཞིབ་ཚགས་བྱས་ཏེ། ནོར་འཁྲུལ་གཏན་ནས་མི་ཤོར་བ་བྱེད་དགོས་པ་མ་ཟད། ལྷོ་བྱང་འགོ་གཙོའི་གྲོས་མོལ་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཁོངས་སུ་གཏོགས་པའི་ཕྱོགས་བསྡུས་གནས་ཚུལ་ཁང་བཙུགས་ཏེ། གསར་དུ་བཙུགས་པའི་ལས་ཁུངས་དེས་ལྟེ་བ་བྱས་ཏེ། ཐུག་འཕྲད་ཀྱི་གྲ་སྒྲིག་ཞིབ་བཤེར་ལས་དོན་ཡག་པོ་སྒྲུབ་དགོས་པའི་མཛུབ་སྟོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མཚམས་གཅོད།