རྒྱལ་སྤྱིའི་གླེང་ཕྱོགས་ནས། ཀྲུང་གོར་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བ་དང་། བསྒྱུར་བཅོས་སྒོ་དབྱེའི་བྱ་གཞག་གི་ལམ་བུ་གསར་པ་འགོ་ཚུགས་ཡོད།
སྤེལ་བའི་དུས་ཚོད། : 2018-03-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་གོས་ཞབས་ཞུའི་རང་བཞིན་གྱི་སྲིད་གཞུང་འཛུགས་སྐྲུན་ཧུར་ཐག་བྱེད་བཞིན་ཡོད། གོང་འཕེལ་གྱི་དུས་མཚམས་གསར་པར། ལམ་ལུགས་ཀྱི་བཀོད་སྒྲིག་གསར་སྐྲུན་སྔར་བས་བྱེད་པ་དང་། རྒྱལ་ཁབ་ལས་ཁུངས་ཀྱི་འགན་འཁྲིའི་ནུས་པ་ཆེ་རུ་བཏང་སྟེ། སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་ལེགས་འགྱུར་དང་ཤུགས་ཆེར་གཏོང་བ་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་དང་མི་དམངས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུ་ཡིན་པ་རེད།

ལུའུ་ཐོའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བའི་གནང་། ཐེངས་འདིའི་བསྒྱུར་བཅོས་ཀྱིས་ཀྲུང་གོའི་སྲིད་གཞུང་ལས་ཁུངས་ཀྱི་ལས་ཕྱོད་སྔར་བས་ཆེ་རུ་འགྲོ་རྒྱུ་རེད་ཅེས་འཁོད་ཡོད། དེ་རིང་གི་ཨུ་རུ་སུའི་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིས་སྲིད་གཞུང་གིས་རང་ངོས་གྲུབ་ཆ་འཐུས་ཚང་དུ་གཏོང་རྒྱུ་དང་། སྲིད་འཛིན་གྱི་ལས་ཕྱོད་མཐོ་རུ་གཏོང་རྒྱུ། མང་ཚོགས་ཀྱི་དངོས་ཡོད་དགོས་མཁོ་དེ་བས་ཡག་པའི་ངང་སྐོང་རྒྱུ་བཅས་ལ་ཕན་ཐོགས་ཡོད་ཅེས་འཁོད་ཡོད་པ་རེད།

སིང་ཀ་ཕོའི་མཉམ་འབྲེལ་ཞོགས་པའི་ཚགས་པར་ཞེས་པས་རིགས་གཅིག་མཁས་པའི་ལྟ་བ་ལུང་དུ་དྲངས་ནས། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་ཇུས་གཞི་ཞེས་པར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ཡོད། དེ་སྔའི་ལས་ཁུངས་བསྒྱུར་བཅོས་དང་བསྡུར་ཚེ། ཐེངས་འདིའི་བསྒྱུར་བཅོས་་སྲིད་གཞུང་ལས་ཁུངས་ཟླ་སྒྲིལ་གཏོང་བ་དང་འབྲེལ་བ་ཡོད་པ་མ་ཟད། དེ་བས་ཏང་སྲིད་ལས་ཁུངས་འཛུགས་རྒྱུར་གཅིག་གྱུར་འཆར་འགོད་བྱེད་དགོས་པའི་ནན་བཤད་བྱས་ཡོད་པས། ཁྱབ་ཁོངས་རྒྱ་ཆེ་བ་དང་། ཤུགས་རྐྱེན་གཏིང་ཟབ་ལྡན་ཡོད། དེས་ཀྲུང་གོའི་ཏང་སྲིད་ལས་ཁུངས་ཀྱིས་ལས་ཁུངས་ཁུ་བསྡུ་དང་། འགན་ནུས་ཁ་གསལ་གྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས། སྡེ་ཁག་ཁག་གི་འགན་འཁྲི་སྔར་བས་ཁ་གསལ་བྱུང་བ་དང་། དབང་ཆ་རིམ་བརྩེགས་དང་འགན་འཁྲི་སྟོང་པར་ལུས་མི་སྲིད་པའི་ངོས་འཛིན་བྱས་ཡོད་པ་རེད།

ཨ་རིའི་ཧྲེང་ཐོ་མ་སི་སློབ་ཆེན་ཤིའུ་སི་ཏུན་ཡན་ལག་སློབ་གྲྭའི་དགེ་རྒན་ཆེན་མོ་བ་ཐའེ་ལེས། ཀྲུང་གོས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་བྱས་པས། ལས་ཁུངས་འཁོར་རྒྱུག་བྱེད་པའི་ལས་ཕྱོད་དང་སྤུས་ཚད་མཐོ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་ལ། ཀྲུང་དབྱང་སྲིད་ཇུས་ལ་ཁྱོན་ཡོངས་དང་ནུས་ཡོད་ཀྱི་ལག་བསྟར་སྔར་ལས་ལྷག་པ་ཐོབ་རྒྱུར་ཡང་་ཕན་ཐོགས་ཡོད། ཀྲུང་དབྱང་དང་ས་གནས་ལས་ཁུངས་ཀྱི་དབང་ཆ་སླར་ཡང་བཀོད་སྒྲིག་བྱས་པ་ཡིས། དོ་དམ་སྔར་བས་ལུགས་མཐུན་དང་ཕན་འབྲས་མཐོ་བ་ཡོང་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།

མོ་ཞི་ཀོ་རྒྱལ་ཚུགས་རང་སྐྱོང་སློབ་ཆེན་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་པ་ཁེའར་ཐེ་སིས། ལས་ཁུངས་བསྒྱུར་བཅོས་བྱས་པ་ཡིས་ཀྲུང་གོས་ལས་ཁུངས་བཀོད་སྒྲིག་དང་འབྲེལ་ཡོད་ཁྲིམས་ལུགས་སྒྲོམ་གཞི་རིམ་བཞིན་འཐུས་ཚང་དང་ལེགས་སྒྲིག་བྱ་རྒྱུར་ཕན་ཐོགས་ཡོད་ལ། སྲིད་གཞུང་གིས་ལས་ཕྱོད་སྔར་བས་མཐོ་པོའི་སྒོ་ནས་འགན་ནུས་ལག་བསྟར་བྱ་རྒྱུར་ཡང་ཕན་ཐོགས་ཡོད་པས། མ་འོངས་པའི་རྒྱུན་མཐུད་གོང་འཕེལ་ཆེད་ བཅོས་སྒྲིག་གི་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད།

རང་རྒྱལ་གྱི་དཔལ་འབྱོར་མིག་སྔར་མྱུར་ཚད་མཐོ་བའི་འཕར་སྣོན་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་བྱེད་པར། སྲིད་གཞུང་དང་ཁྲོམ་ར་དང་། སྲིད་གཞུང་དང་སྤྱི་ཚོགས་བར་གྱི་འབྲེལ་བ་མཐུན་སྦྱོར་སྔར་ལས་ལྷག་པ་བྱེད་པ་དང་། སྲིད་གཞུང་གི་འགན་ནུས་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་ལག་བསྟར་བྱས་ཏེ། སྤུས་ཚད་སྔར་བས་མཐོ་བ་དང་ལས་ཕྱོད་སྔར་བས་ཆེ་བ། སྔར་བས་གཞུང་དྲང་། སྔར་བས་རྒྱུན་མཐུད་གོང་འཕེལ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།

དེའི་ཐད་ལུའུ་ཐོའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་ནས། རྒྱལ་ཁབ་ལས་ཁུངས་བསྒྱུར་བཅོས་བྱས་པའི་ཐོག་ནས་ཀྲུང་གོའི་རྒྱལ་ཁབ་བཅོས་སྐྱོང་གི་འཕོ་འགྱུར་གཏིང་ཟབ་ཕྱིན་པ་མངོན་པ་དང་། འགན་འཁྲི་གཉིས་བརྩེགས་ཀྱི་སྡེ་ཁག་ཟླ་སྒྲིལ་བཏང་བ་དེ། ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་སྔར་བས་མཐུན་ཡོད་ཅེས་བསྟན་ཡོད་པ་རེད།

ཧྥ་རན་སིའི་གསར་འགྱུར་ཁང་གིས། བསྒྱུར་བཅོས་ཇུས་གཞིའི་ཁྲོད་ཀྲུང་གོའི་དངུལ་ཁང་གི་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་ནང་དོན་གྱིས། དངུལ་རྩའི་ཉེན་ཁ་དོ་དམ་ཚོད་འཛིན་སྔར་ལས་ལྷག་པ་བྱེད་ཐུབ་ཅེས་གདེང་འཇོག་བྱས་ཡོད། ཐུན་མོང་གསར་འགྱུར་ཁང་གིས་སྐྱེ་ཁམས་ཁོར་ཡུག་པུའུ་འཛུགས་རྒྱུའི་ནང་དོན་ལ་དོ་ཁུར་བྱེད་ཀྱི་ཡོད་པ་དང་། ཀྲུང་གོའི་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་འགོ་ཁྲིད་ནས་བཏོན་པའི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་ཅེས་པར་རམ་འདེགས་ཐུབ་རྒྱུ་ཡིན་པའི་རྣམ་པ་བསྟན་ཡོད་པ་རེད།

ལ་ཏིང་ཨ་མེ་རི་ཁའི་གསར་འགྱུར་ཁང་གིས་གནས་ཚུལ་འགོད་སྤེལ་བྱས་ཏེ། ཀྲུང་གོས་རྒྱལ་ཁབ་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་བྱས་པ་ནི་དེང་རབས་ཅན་དང་། ལས་ཕྱོད་མཐོ་བ། བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སླར་ཡང་གོམ་གང་སྤོས་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད། ཀྲུང་གོ་སྲིད་གཞུང་གིས་ཉེ་བའི་ལོ་ཤས་ནང་སྲིད་འཛིན་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་པར་ཐོབ་པའི་གྲུབ་འབྲས་ཀྱི་སྐོར་གླེང་སྐབས། ལེ་ཡ་སིས། ཀྲུང་གོའི་མི་ཐབས་རིག་ནུས་ཀྱིས་གྲངས་གཞི་ཆེན་པོའི་ལག་རྩལ་གོང་འཕེལ་མགྱོགས་པོ་བྱུང་བ་དང་། གྲངས་གཞི་ཆེན་པོའི་སྟེགས་བུ་དང་སྲིད་གཞུང་གི་སྲིད་དོན་ཐད་མཉམ་འདྲེས་གཏིང་ཟབ་ཡོང་བ་བྱས་ཡོད་པ་སྟེ། དེས་སྲིད་གཞུང་གི་བཀོད་ཇུས་ལ་རོགས་རམ་ཐུབ་ཡོད་ལ་སྤྱི་ཚོགས་ལ་ཞབས་ཞུ་སྔར་ལས་ལྷག་པ་སྒྲུབ་ཐུབ་ཡོད། བསྒྱུར་བཅོས་ཀྱིས་སྲིད་འཛིན་བྱེད་པའི་བརྒྱུད་རིམ་ཁྲོད་རྙོག་ཕྲ་ཉུང་དུ་གཏོང་བ་དང་། ལས་ཕྱོད་མཐོ་རུ་གཏོང་ཐུབ། དེས་ཀྲུང་གོས་ལས་ཕྱོད་མཐོ་བ་དང་སྤྱོད་གཙང་གི་སྲིད་གཞུང་ལས་ཁུངས་འཛུགས་རྒྱུར་རོགས་རམ་བྱེད་ཐུབ་ཅེས་བསྟན་ཡོད་པ་རེད།

ཀྲུང་གོར་བཅའ་སྡོད་ཧང་གི་རིའི་གཞུང་ཚབ་ཆེ་མོ་བ་ཟུར་པ་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་པ་ཧྲན་ཏོའར་ཡིས། རྒྱལ་ཁབ་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་བྱེད་པ་བརྒྱུད་ཀྲུང་གོས་ས་གནས་སྲིད་གཞུང་ལ་བསྒྱུར་བཅོས་བྱ་རྒྱུར་བར་ཁམས་དེ་བས་མང་བ་སྐྲུན་ཡོད་པ་དེས། ས་གནས་ཁག་གི་སྲིད་གཞུང་གིས་རང་ས་ཁུལ་གྱི་ཁྱད་ཆོས་གཞིར་བཟུང་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། གནད་དོན་ཐག་གཅོད་བྱ་རྒྱུར་ཕན་ཐོགས་ཡོང་ཐུབ། ལས་ཁུངས་བསྒྱུར་བཅོས་ཀྱི་དོན་སྙིང་ནི་སྤྱི་ཚོགས་ཀྱི་གོང་འཕེལ་གྱི་བླང་བྱ་གསར་པར་སྔ་བར་ཕྱི་གསུམ་དུ་འཚམ་ཐུབ་པ་དང་། ལན་ཆ་བྱེད་ཐུབ་པ་དེ་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།

ཐུར་ཁེའི་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་རྩ་འཛུགས་ཀྱི་ཀྲུའུ་ཞི་གཞོན་པ་ཆའོ་ལ་ཁེ་ཨའོ་ལུས། ཀྲུང་གོའི་ད་ཐེངས་ཀྱི་ལས་ཁུངས་བསྒྱུར་བཅོས་ལ་སེམས་ཤུགས་ཀྱིས་ཁེངས་ཡོད། ཀྲུང་གོའི་བསྒྱུར་བཅོས་ནི་འགག་གཏོར་དུས་མཚམས་ལ་སླེབས་ཡོད་པས། དུས་མཚམས་དེས་འབྱུང་འགྱུར་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ངོས་ནས་བཤད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། རྒྱལ་ཁབ་ལས་ཁུངས་བསྒྱུར་བཅོས་ལ་སྐུལ་འདེད་བཏང་བ་བརྒྱུད་ཀྲུང་གོས་སྤྱི་ཚོགས་ཀྱི་ཕན་འབྲས་ཆེ་ཤོས་ཀྱི་གོང་འཕེལ་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད། དོན་དེའི་ཐད་ང་ཚོས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱར། མཚམས་གཅོད་དང་མིག་དམར་རྒྱ་མཚོ།