ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བས་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དེ་མེས་རྒྱལ་ཡུན་རིང་གོང་འཕེལ་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཚུལ་བསྟན་པ།
སྤེལ་བའི་དུས་ཚོད། : 2018-03-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བས། ད་ཐེངས་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དེས་རྩ་ཁྲིམས་ལ་དུས་རབས་ཀྱི་ཁྱད་ཆོས་མངོན་བསལ་དོད་པོ་ལྡན་པ་དང་མེས་རྒྱལ་ཡུན་རིང་གོང་འཕེལ་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་ཡོད་པ་རེད།

ཨུ་རུ་སུའི་ཧྲེང་པི་ཏེ་སྦའོ་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་ཡུལ་ཧུང་དབྱིས། རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དེས་མེས་རྒྱལ་གྱི་མ་འོངས་གོང་འཕེལ་ལ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་དུས་མཚུངས་སུ་ང་ཚོ་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བའི་ཐུན་མོང་བསམ་འདུན་ཀྱང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་ཁྲིམས་ནང་བྲིས་པ་དེ་ང་ཚོའི་ངོས་ནས་བཤད་ན་དོན་སྙིང་ཆེན་པོ་ལྡན་ཡོད། ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་སྐྱར་དར་གྱི་བྱ་་གཞག་སྔར་བས་འོད་སྟོང་ལྡན་པ་ཡོང་ངེས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བཤད་འདུག

པ་ཀི་སི་ཐན་དུ་འཚོ་སྡོད་བྱེད་མཁན་ཀྲུང་གོ་བ་ལ་ཅེ་ལན་གྱིས། རྩ་ཁྲིམས་ལ་བཟོ་བཅོས་རྒྱག་དོན་ནི་དུས་རབས་གསར་པ་གོང་འཕེལ་གཏོང་བའི་བླང་བྱ་ཡིན་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྩ་ཁྲིམས་ནང་བྲིས་པ་དེ་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་ནས་རླབས་ཆེན་གྱི་ཀྲུང་གོའི་ཕུག་འདུན་མངོན་འགྱུར་ཡོང་རྒྱུར་ཕན་པ་ཡོད་ཅེས་བཤད་ཡོད་པ་རེད།

ཕྱིར་སྡོད་ཀྲུང་གོ་བས། རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་ནི་མེས་རྒྱལ་གྱི་སྟོབས་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པའི་མངོན་ཚུལ་ཡིན་པ་དང་དུས་མཚུངས་སུ་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དེས་ཀྲུང་ཧྭ་མི་རིགས་རླབས་ཆེན་སྐྱར་དར་ཡོང་རྒྱུར་འགན་སྲུང་ནུས་ལྡན་བྱས་ཡོད་ཅེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐྱིད་པོ།