ཨ་རིའི་ཧྥོ་ལོ་ལི་ཏ་མངའ་སྡེའི་འགོ་འཛིན་གྱིས་མེ་མདའ་ཚོད་འཛིན་གྱི་ཁྲིམས་འཛིན་མིང་རྟགས་བཀོད་པ།
སྤེལ་བའི་དུས་ཚོད། : 2018-03-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༩ཉིན་ཨ་རིའི་ཧྥོ་ལོ་ལི་ཏ་མངའ་སྡེའི་འགོ་འཛིན་ལི་ཁེ་སི་ཁེ་ཐེས་སྤྱི་པའི་བདེ་འཇགས་ཁྲིམས་གཞིར་མིང་རྟགས་བཀོད་ནས། མངའ་སྡེ་དེའི་མེ་མདའ་བྲིན་ཚོང་དང་ཉོ་སྒྲུབ་ཐད་ཚད་བཀག་གསར་པ་བཟོས་ཡོད། ཟླ་བ་གོང་མར་ཕ་ཁེ་ལན་གྲོང་ཁྱེར་གྱི་སློབ་གྲའི་མེ་དམའ་བརྒྱབ་པའི་དོན་རྐྱེན་རྗེས་ཧྥོ་ལོ་ལི་ཏ་མངའ་སྡེས་མེ་མདའ་དོ་དམ་ཚོད་འཛིན་དང་སྤྱི་པའི་བདེ་འཇགས་ལ་ཤུགས་སྣོན་རྒྱག་རྒྱུ་དམིགས་ཡུལ་དུ་བྱས་པའི་ཁྲིམས་གཞིར་གྲོས་འཆམ་བྱུང་ཡོད། ཁྲིམས་གཞི་དེའི་ནང་དོན་ནང་ཁྲིམས་མཐུན་གྱིས་མེ་མདའ་ཉོ་སྒྲུབ་བྱེད་པའི་ལོ་ཚད་དེ་ལོ་༡༨ནས་ལ་༢༡ལ་སྤར་བ་དང་། ཁྲིམས་འཛིན་མི་སྣས་ལག་འཁྱེར་མེད་པའི་མེ་མདའ་དང་མདེའུ་གཞུང་བཞེས་གཏོང་རྒྱུ་རྒྱ་བསྐྱེད་བཏང་བ། སློབ་གྲྭའི་སེམས་ཁམས་བདེ་ཐང་གི་རྣམ་གྲངས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། སློབ་གྲྭའི་སྒྲིག་ཆས་བདེ་སྲུང་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ནང་དོན་ཚུད་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།