བྱང་ཁོ་རེ་ཡའི་སྨྱན་སྦྱོར་ལས་རིགས་ཀྱིས་ཨ་རིས་བྱང་ཁོ་རེ་ཡར་བཀག་སྡོམ་བྱས་ནས་གནོན་ཤུགས་སྤྲོད་པར་ནུས་པ་ཐོན་མི་ཐུབ་ཅེས་བཤད་པ།
སྤེལ་བའི་དུས་ཚོད། : 2018-03-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༠ཉིན་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཚགས་པར་ངལ་རྩོལ་གསར་འགྱུར་ཐོག་མིང་བཀོད་དཔྱད་ཡིག་སྤེལ་ནས། ཨ་རིས་ཉེ་ཆར་བྱང་ཁོ་རེ་ཡར་་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་བར་རྒོལ་གཏམ་བཏང་ཞིང་། ཨ་རིས་བཀག་སྡོམ་ལ་བརྟེན་ནས་བྱང་ཁོ་རེ་ཡ་མགོ་སྒུར་བཅུག་པའི་བྱེད་སྟངས་ལ་ནུས་པ་ཐོན་མི་སྲིད་ཅེས་ནན་བཤད་བྱས་ཡོད། རྩོམ་ཡིག་ནང་། ཡུན་རིང་མ་སོང་གོང་ཨ་རིས་བྱང་ཁོ་རེ་ཡ་དང་དེ་བཞིན་དེ་མིན་རྒྱལ་ཁབ་ལ་སླར་ཡང་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས། བྱང་ཁོ་རེ་ཡ་དང་དེ་མིན་རྒྱལ་ཁབ་ཀྱི་རྒྱུན་ལྡན་རྒྱལ་སྤྱིའི་ཉོ་ཚོང་ལ་བཀག་འགོག་བྱ་རྩིས་བྱས་ཡོད། བྱ་ཐབས་དེས་མངོན་སུམ་མཛེམས་མེད་ངང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་རྒྱབ་འགལ་བྱས་པའི་བདག་དབང་ལ་བཙན་གནོད་བྱས་པའི་བྱ་སྤྱོད་ཅིག་ཡིན་ཞེས་དང་། རྩོམ་ཡིག་ནང་ཨ་རིས་བྱང་ཁོ་རེ་ཡར་བཀག་སྡོམ་བྱེད་པ་དང་། གྲོགས་མེད་ཁེར་རྐྱང་བཟོ་བ། རྒྱལ་སྤྱིའི་བར་ཁམས་ཆུང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་ནས་བྱང་ཁོ་རེ་ཡ་མགོ་སྒུར་རྒྱུའི་ཇུས་ངན་བཅངས་བཞིན་ཡོད། མིག་སྔར་ཨ་རིས་བྱང་ཁོ་རེ་ཡར་བཀག་སྡོམ་དང་དམག་དོན་གནོན་ཤུགས་སྤྲོད་རྒྱུའི་བྱ་ཐབས་སྤྱོད་བཞིན་ཡོད། འོན་ཀྱང་དམག་དོན་སྟོབས་ཤུགས་དང་བཀག་བསྡོམས་ཀྱི་བྱ་ཐབས་དེས་བྱང་ཁོ་རེ་ཡར་ནུས་པ་ཐོན་མི་སྲིད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།