རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་འདུ་ཤེས་ལ་དགེ་མཚན་ལྡན་པའི་གདེང་འཇོག་གནང་བ།
སྤེལ་བའི་དུས་ཚོད། : 2018-03-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོས་སྤྱི་ཚེས་༨ཉིན་གསར་འགོད་པའི་ཚོགས་འདུ་སྐོང་ཚོགས་བྱས་པ་དང་། ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱིས་ནས་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་དང་ཕྱི་ཕྱོགས་འབྲེལ་བའི་ཐད་་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་བཏོན་པའི་དྲི་བར་ལན་སྐྱོན་ཡོད་པ་རེད།

འཛམ་གླིང་གི་གསར་འགྱུར་ཚན་པ་གཙོ་བོས་གསར་འགོད་པའི་ཚོགས་འདུའི་ཐད་གནས་ཚུལ་གང་ལེགས་སྤེལ་ཡོད་པ་དང་། ཕྱི་རྒྱལ་གྱི་ལས་རིགས་ཁག་གི་མི་སྣས་་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་དགེ་མཚན་ལྡན་པའི་གདེང་འཇོག་གནང་ནས། ཀྲུང་གོས་་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པ་དང་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བའི་ངོས་འཛིན་གནང་ཡོད་པ་དང་། ཚང་མས། ཀྲུང་གོས་བཏོན་པའི་ཡུན་རིང་ཞི་བདེ་དང་སྤྱི་ཡོངས་བདེ་འཇགས་ཀྱི་འདུ་ཤེས་དང་། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་གསར་པར་་བསྔགས་བརྗོད་གནང་ཡོད་པ་རེད།

སྤྱི་ལོ་2018ལོའི་ཀྲུང་གོའི་ཕྱི་འབྲེལ་འགོ་ཚུགས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཕྱི་འབྲེལ་གྱིས་་ཀྲུང་གོ་རང་ཉིད་ཀྱི་གོང་འཕེལ་ཆེད་་དེ་བས་ལེགས་པའི་ཕྱི་རོལ་ཁོར་ཡུག་གཏོད་རྒྱུ་དང་། མིའི་རིགས་ཀྱི་ཡར་རྒྱས་བྱ་བཞག་ཆེད་་དྲང་ནུས་དེ་བས་མང་བ་འཁོ་འདོན་བྱ་རྒྱུ་རེད། ཀྲུང་གོས་་རྒྱ་ཆེའི་གནས་སྟངས་སྔར་བས་རྒྱ་ཆེར་བཏང་ནས། ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་དྲང་བདེན། མཉམ་ལས་གཉིས་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་གཏོད་རྒྱུ་དང་ཡུན་རིང་ཞི་བདེ་དང་། སྤྱི་ཡོངས་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་ཁོག་ཡངས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་སྐྲུན་ཆེད་་ཀྲུང་གོའི་ཕྱི་འབྲེལ་གྱི་སྤྱིའི་ཁ་ཕྱོགས་དང་དམིགས་འབེན་ལ་བརྩི་རྒྱུ་ཡིན་པ་རེད།

ཨ་རིའི་འཛམ་གླིང་ཧྲིལ་པོའི་འཐབ་ཇུས་ཆ་འཕྲིན་ཞེས་པའི་དུས་དེབ་ཐོག་ཧྭ་ཧྲེང་ཏུན་་ཡན་ལག་ཁང་གི་འགོ་འཛིན་་ཝེ་ལན་ཆོང་སི་ཡིས། འཛམ་གླིང་ཡུན་རིང་ཞི་བདེ་ཡོང་བར་རྒྱལ་ཁབ་ཁག་གིས་རྩ་བའི་ཐོག་ནས་རྒྱལ་སྤྱིའི་འབྲེལ་བའི་རྣམ་པ་སྒྱུར་བཅོས་བྱེད་པ་དང་། རྒྱལ་ཁབ་ཁག་བར་འདྲ་མཉམ་མངོན་འགྱུར་ཡོང་བའི་མོས་མཐུན་བྱེད་དགོས། ཀྲུང་གོས་བཏོན་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པ་དང་། ཡང་དག་པའི་འོས་འགན་དང་ཁེ་ཕན་ལྟ་བ་སོགས་དགོངས་པས་་བརྒྱུད་རིམ་དེའི་ཁྲོད་་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།

ཨུ་རུ་སུའི་ཚན་རིག་ཁང་རྒྱང་ཤར་ཞིབ་འཇུག་ཁང་གི་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་ཞིབ་འཇུག་དང་སྔོན་དཔག་ལྟེ་གནས་ཀྱི་མཐོ་རིམ་ཞིབ་འཇུག་པ་་་ཕི་ཏེ་ལོ་ཧྥུ་སེ་ཅི་ཡིས། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་གྱི་ཁྱད་ཆོས་གལ་ཆེན་ཞིག་ནི། ཀྲུང་གོས་བཏོན་པའི་གྲོས་གཞི་ཚང་མ་ནི་ཁ་གཏད་མེད་པའི་ངོ་བ་ལྡན་པ་ཤ་སྟག་ཡིན་པ་དང་། གདོང་ཐུག་ཤུགས་ཆེར་གཏོང་ཆེད་མིན་པར། དྲང་ནུས་འཁོ་འདོན་བྱས་ནས། ད་ལྟའི་རྒྱལ་སྤྱིའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་ཆེད་ལེགས་སྐྱེས་ཕུལ་བ་ཞིག་ཡིན་ཞེས་གསུངས་ཡོད་པ་རེད།

པ་ན་མ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རིགས་གཅིག་མཁས་པ་་ཧུའུ་ལི་ཨའོ་ཆིའུ་ཡིས། ཀྲུང་གོའི་འགོ་ཁྲིད་པས་བཏོན་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་། ཡང་དག་པའི་འོས་འགན་དང་ཁེ་ཕན་ལྟ་བ་འཛུགས་པ་དེ་རྒྱལ་ཁབ་བར་གྱི་འབྲེལ་བ་ཐག་གཅོད་བྱེད་པ་དང་། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། འོན་འགན་དང་ཁེ་ཕན་བར་ཡང་དག་པའི་ཁ་བགོས་བྱེད་པ་ནི་མེད་དུ་མི་རུང་བ་ཞིག་ཡིན་པས། འདུ་ཤེས་དེ་དག་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཡོངས་ཁྱབ་ཏུ་དང་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

སི་རི་ཡའི་རྩོམ་པ་པོ། ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་པ་་མེ་ཁེ་ཏ་ཏེས། ནུབ་ཕྱོགས་རྒྱལ་ཁབ་ཆེན་མོ་ཁག་གཅིག་གིས་འཇམ་འཐབ་དམག་འཁྲུག་གི་བསམ་བློ་བརྟན་སྲུང་བྱེད་པ་དང་མི་འདྲ་བར། ཀྲུང་གོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་དྲང་བདེན། མཉམ་ལས་གཉིས་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུའི་འདོད་ཚུལ་འཛིན་པ་དེས། འཛམ་གླིང་དཔལ་འབྱོར་གྱི་དཀའ་གནད་དང་ཆབ་སྲིད་འགན་ཟླ་སེལ་ཆེད་ཀྲུང་གོའི་ཇུས་གཞི་འཁོ་འདོན་བྱས་ཡོད་པ་དང་། རྒྱལ་ཁབ་ཆེན་མོའི་འགན་འཁྲི་འཁུར་ཕོད་པ་མངོན་ཡོད་ཅེས་གསུངས་ཡོད་པ་རེད།

ཁོང་ཀོ་ཅིན་ཅིན་ཧྲ་ས་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་བ་དང་ཆབ་སྲིད་རིག་པའི་དགེ་རྒན་ཆེན་མོ་བ་ཨེན་ཐང་ཏ་ཡིས། ཀྲུང་གོས་་དོན་དངོས་དང་མཛའ་བརྩེ། ལྷག་བསམ་བཅས་ལྡན་པའི་འདུ་ཤེས་འཛིན་ནས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་དང་མཉམ་ལས་བྱས་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་ལ་དམངས་འཚོ་ལེགས་བཅོས་དང་ཨ་ཧྥེ་རི་ཁ་གླིང་གི་རང་བདག་གོང་འཕེལ་ནུས་པ་ཆེ་རུ་གཏོང་རྒྱུར་གཞིགས་ནས་རོགས་སྐྱོར་བྱས་ཡོད་པ་དང་། ཆབ་སྲིད་ཆ་རྐྱེན་གང་ཡང་ཟུར་སྣོན་བྱས་མེད་པས། འདྲ་མཉམ་གཉིས་ཕན་ཡིན་པ་མ་ཟད་ལག་བསྟར་རང་བཞིན་ལྡན་པ་ཞིག་ཡིན་ཞེས་གསུངས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཡོ་རབ་གླིང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་དཔལ་འབྱོར་མཉམ་ལས་དང་ཉོ་ཚོང་ལ་དོ་དམ་གཙོ་བོ་གནང་མཁན་ཧན་རྨིའར་ཏུན་གྱིས། མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་སྐྲུན་པ་ནི་མི་རྣམས་སེམས་འགུལ་ཐེབས་པའི་བཅོས་སྐྱོང་འདུ་ཤེས་ཞིག་ཡིན་ལ། དོན་དངོས་དོན་སྙིང་གལ་ཆེན་ལྡན་པའི་བྱ་སྤྱོད་རྩ་འཛིན་ཞིག་ཀྱང་དེ་བས་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་གོང་འཕེལ་དམིགས་འབེན་དང་འབྲེལ་བ་ཧ་ཅང་ཟབ་མོ་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་དང་རྒྱབ་སྐྱོར་ཐོབ་དགོས་ངེས་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད།

ཨབ་ཀ་ནི་སེ་ཐན་གྱི་ཆབ་སྲིད་དབྱེ་ཞིབ་མི་སྣ་ཏ་སེ་ཐེ་ཅིར་གྱིས། མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་སྐྲུན་པ་ནི་འཛམ་གླིང་རྒྱལ་ཁབ་ཁག་གིས་མི་དམངས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་རེ་བྱེད་པའི་ཐུན་མོང་བསམ་འདུན་ཡིན་པ་དང་། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བརྒྱུད། འཛམ་གླིང་ལ་སྤེལ་རེས་སྒྲིག་གཞི་དེ་བས་མང་བ་གཏོད་པ་དང་། གོང་འཕེལ་གསོན་ཤུགས་སྣོན་ངེས་ཡིན་པའི་ཡིད་ཆེས་ཡོད། ཀྲུང་གོ་དང་ཨབ་ཀ་ནི་སེ་ཐན་གྱིས་མཉམ་དུ་རྒྱུད་གཅིག་ལམ་གཅིག་སྐྲུན་པ་ནི་དཔེ་མཚོན་ཡག་ཤོས་ཞིག་ཡིན་ཞེས་གསུངས་ཡོད་པ་རེད།

ཡོ་རབ་གྲོས་ཚོགས་ཁང་གི་ཡོ་རབ་དང་ཀྲུང་གོའི་མཛའ་གྲོགས་ཚོགས་ཆུང་གི་དྲུང་ཆེ་ཀའེ་ལིན་གྱིས། སྔར་ཡོད་ཀྱི་བདེ་འཇགས་ལྟ་བར་རྟག་ཏུ་གོ་དོན་དོག་པའི་ཁ་གཏད་བསམ་བློ་དང་། བརྩན་དབང་གི་ཆབ་སྲིད་བསམ་བློ་ལྡན་ཡོད། ཀྲུང་གོས་བཏོན་པའི་བདེ་འཇགས་ལྟ་བ་གསར་པ་དེས་བསམ་བློ་དེ་རིགས་མེད་པ་བཟོས་ནས། གཅིག་གྱུར་འཆར་འགོད་དང་ལྟ་རྟོག་གི་བྱ་ཐབས་བརྒྱུད་བདེ་འཇགས་ཀྱི་དཀའ་གནད་སེལ་བ་དང་། ཞི་བའི་བྱ་ཐབས་བརྒྱུད་རྩོད་གཞི་ཐག་གཅོད་བྱེད་པ་མ་ཟད། རྒྱུད་མཐུད་གོང་འཕེལ་ལ་བརྟེན་ནས་བདེ་འཇགས་ལ་སྐུལ་འདེད་གཏོང་གི་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མཚམས་གཅོད།