ཕྱི་འབྲེལ་པུས། ཨ་རི་དང་བྱང་ཁོ་རེ་ཡ་ཕྱོགས་གཉིས་པོས་ཐད་ཀའི་སྐད་ཆ་ཤོད་རེས་ཐད་དགེ་མཚན་ལྡན་པའི་ཆ་འཕྲིན་བརྒྱུད་བསྒྲགས་བྱས་པར་དགའ་བསུ་ཞུ་བའི་རྣམ་པ་བསྟན་པ།
སྤེལ་བའི་དུས་ཚོད། : 2018-03-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་9ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་གེང་ཧྲོང་གིས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག ཀྲུང་གོའི་ཕྱོགས་ནས་ཨ་རི་དང་བྱང་ཁོ་རེ་ཡ་ཕྱོགས་གཉིས་པོས་ཐད་ཀའི་སྐད་ཆ་ཤོད་རེས་ཐད་དགེ་མཚན་ལྡན་པའི་ཆ་འཕྲིན་བརྒྱུད་བསྒྲགས་བྱས་པར་དགའ་བསུ་ཞུ་བའི་རྣམ་པ་བསྟན་ཡོད་པ་རེད།

གེང་ཧྲོང་གིས། ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་གནད་དོན་ཐག་གཅོད་བྱེད་པ་དེ་མུ་མཐུད་ནས་ཡང་དག་པའི་ཁ་ཕྱོགས་ཐོག་གོམ་པ་སྤོ་བཞིན་ཡོད། ཀྲུང་གོའི་ཕྱོགས་ནས་འབྲེལ་ཡོད་ཕྱོགས་ཁག་གིས་སྐད་ཆ་ཤོད་རེས་དང་གྲོས་བསྡུར་བྱེད་པ་བརྒྱུད་གནད་དོན་ཐག་གཅོད་ཐུབ་རྒྱུར་འབད་བརྩོན་བྱས་པར་ཁས་ལེན་དང་རྒྱབ་སྐྱོར་གང་ལེགས་བྱེད་ཀྱི་ཡོད་ཅེས་དང་།
གེང་ཧྲོང་གིས། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ཀྱིས་སྤྱི་ཚེས་8ཉིན་གྱི་ཚོགས་འདུ་གཉིས་ཀྱི་གསར་འགོད་པའི་ཚོགས་འདུའི་ཐོག གོམ་སྟབས་རྗེས་མའི་འགག་རྩ་ནི་ཕྱོགས་ཁག་གིས་གཞོགས་འདེགས་ཧུར་ཐག་དང་། མཉམ་ཤུགས་ཆགས་པ་བྱས་ཏེ། ཐུན་མོང་ཐོག་ཕྱེད་གླིང་ཕྲན་གྱི་དུས་བབ་དེ་སླར་ཡང་ཞི་བདེ་དང་བརྟན་ལྷིང་གི་འཁོར་ལམ་ཐོག་སླེབས་པ་བྱེད་པ་དང་། ཕྱེད་གླིང་ཕྲན་གྱི་ཉིང་རྡུལ་གནད་དོན་དེ་སླར་ཡང་སྐད་ཆ་ཤོད་རེས་བརྒྱུད་ཐག་གཅོད་བྱེད་པའི་འཁོར་ལམ་ཐོག་སླེབས་པ་བྱེད་དགོས་ཞེས་གསུངས་པ་བཞིན་དང་། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ཀྱིས་ད་དུང་ཞི་བདེ་ཡོང་དགོས་ན་ངེས་པར་དུ་བརྩོན་ལེན་བྱེད་དགོས་པ་དང་གོ་སྐབས་ཐོག་དགོས་ན་དེར་དམ་འཛིན་བྱེད་དགོས་ཞེས་དམིགས་བསལ་ཐོག་གསུངས་ཡོད། ང་ཚོས་ཕྱོགས་ཁག་ཚང་མས་ཆབ་སྲིད་ཀྱི་བློ་སྟོབས་ཐོག་ནས། ཆབ་སྲིད་ཀྱིས་ཐག་གཅོད་བྱེད་པ་དང་། གང་མགྱོགས་དགོས་ངེས་དང་ནུས་ཡོད་ཀྱི་ཕྱོགས་མང་འབྲེལ་གཏུག་ཐ་དག་བྱས་ཏེ། ཞི་བའི་སྒོ་ནས་ཕྱེད་གླིང་ཕྲན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པའི་སྐད་ཆ་ཤོད་རེས་དང་དབྱེ་འབྱེད་གྲོས་མོལ་སླར་གསོ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་ནས་དེའི་ཐད་མུ་མཐུད་ནས་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མཚམས་གཅོད།