མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་ཧྲུའུ་ལ་སི་རི་ཡའི་ཡུལ་གྱར་བ་ཁྲི་༡ཅོར་དན་ནས་གནས་སྤོ་བྱ་རྒྱུའི་འཆར་གཞི་ཡོད་པ།
སྤེལ་བའི་དུས་ཚོད། : 2018-02-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བྱ་དོན་གྱི་མཐོ་རིམ་ཀྲོན་ཡོན་ག་ལན་ཏིས་སྤྱི་ཚེས་༡༢ཉིན་ཅོར་དན་དུ། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་ཧྲུའུ་ལ་སི་རི་ཡའི་ཡུལ་གྱར་བ་ཆིག་ཁྲི་ཅོར་དན་ནས་གནས་སྤོ་བྱེད་རྒྱུའི་འཆར་གཞི་ཡོད་པས་ཨ་རི་དང་སྟེ་མག་སོགས་རྒྱལ་ཁབ་ནས་ཡུལ་གྱར་བ་དང་ལེན་དང་བཀོད་སྒྲིག་བྱེད་པའི་གྲངས་འབོར་མང་དུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་འདུག

ག་ལན་ཏིས་ཉིན་དེ་རང་ལ་ཅོར་དན་བྱང་ངོས་ཀྱི་སི་རི་ཡའི་མཐའ་མཚམས་དང་བར་ཐག་ཉེ་བའི་ཀྲ་ཐ་ལི་ཡུལ་གྱར་ཁང་སོགས་ས་ཁུལ་ལ་ལྟ་སྐོར་གནང་ཡོད་པ་དང་ཁོང་གིས། ཀྲ་ཐ་ལི་ཡུལ་གྱར་ཁང་དུ་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག སི་རི་ཡའི་དམག་འཁྲུག་ལོ་བརྒྱད་པར་སླེབས་ཤིང་སི་རི་ཡའི་བདེ་འཇགས་དུས་བབ་ཞན་པས་ཡུལ་གྱར་བར་རང་ཁྱིམ་ལ་ཕྱིར་ལོག་བྱེད་པའི་གྲ་སྒྲིག་ཡག་པོ་བྱུང་མེད་ཅེས་བཤད་འདུག ག་ལན་ཏིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཡུལ་གྱར་བ་དང་ལེན་ཞུ་མཁན་རྒྱལ་ཁབ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་འབོད་གནང་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐྱིད་པོ།