ལྷོ་ཁོ་རེ་ཡའི་དྲང་བདེན་མ་འོངས་ཏང་བཙུགས་པ།
སྤེལ་བའི་དུས་ཚོད། : 2018-02-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ནས། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༡༣ཉིན། ལྷོ་ཁོ་རེ་ཡའི་རྒྱལ་དམངས་ཏང་དང་དྲང་བདེན་ཏང་ཟླ་སྒྲིལ་བཏང་བའི་ཏང་སྟེ་དྲང་བདེན་མ་འོངས་ཏང་དངོས་སུ་བཙུགས་ཡོད་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན། དྲང་བདེན་མ་འོངས་ཏང་གིས་སྤྱི་ཚེས་༡༣ཉིན་གྱི་ཕྱི་དྲོ་དབུ་བརྙེས་པའི་ཚོགས་ཆེན་འཚོགས་པ་དང་ཟླ་སྒྲིལ་སྐུལ་འདེད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཨན་གྲ་ཤིའུ་དང་ཏང་དེའི་འཐུས་མི་ལིའུ་ཁྲེང་མིང་སོགས་ཁོངས་གཏོགས་གྲོས་མི་དང་། རྒྱལ་ཚོགས་ཀྱི་ཏང་ཕྱིའི་མཐུན་སྦྱོར་ཨུ་ཡོན་ཀྲང་། ཏང་ཡོན་སོགས་མི་༡༠༠༠ལྷག་ཉིན་དེ་རང་གི་དབུ་བརྙེས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད། དྲང་བདེན་མ་འོངས་ཏང་བཙུགས་པའི་ཚོགས་ཆེན་ཐོག་ཆེས་མཐོའི་ཨུ་ཡོན་སོགས་ཏང་གི་འགོ་ཁྲིད་ཚན་པ་གཏན་ཁེལ་བྱས་འདུག ཤེས་རྟོགས་བྱུང་བར་གཞིགས་ན། དྲང་བདེན་མ་འོངས་ཏང་དངོས་སུ་བཙུགས་རྗེས་རྒྱལ་ཚོགས་ཀྱི་གདན་ཐོབ་༣༠ཡོད་པའི་ཏང་ཆེན་པོ་གསུམ་པར་གྱུར་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐྱིད་པོ།