ཕ་ལི་སི་ཐན་དང་དབྱི་སི་རལ་གནད་དོན་ཐད་ཀྱི་ཨ་རིའི་བར་གདུམ་པའི་ཐོབ་ཐང་ལ་ཨ་པ་སིས་ཁས་ལེན་མ་བྱས་པ།
སྤེལ་བའི་དུས་ཚོད། : 2018-02-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༢ཉིན། ཕ་ལི་སི་ཐན་གྱི་ཙུང་ཐུང་ཨ་པ་སིས། ཨ་རིས་ཕ་ལི་སི་ཐན་དང་དབྱི་སི་རལ་གནད་དོན་ཐད་བར་གདུམ་བྱེད་པའི་ཐོབ་ཐང་ལ་ཁས་ལེན་བྱས་མེད་པ་རེད། སྤྱི་ཚེས་༡༢ཉིན་གྱི་དགོང་མོ། ཨུ་རུ་སུར་ལས་དོན་འཚམས་འདྲི་གནང་བཞིན་པའི་ཨ་པ་སིས་ཨུ་རུ་སུའི་ཙུང་ཐུང་བུ་ཅིན་དང་གྲོས་མོལ་གནང་ཡོད་པ་རེད། ཨ་པ་སིས། ཐེ་རོན་ཕུས་ཙུང་ཐུང་གི་འགན་འཁུར་རྗེས། ཨ་རིས་ཨ་རིར་བཅའ་བསྡོད་ཕ་ལི་སི་ཐན་བཅིངས་འགྲོལ་སྒྲིག་འཛུགས་སྐུ་ཚབ་ཁྲུའུ་ཡི་སྒོ་རྒྱབ་པ་དང་། ཅེབ་རུ་ས་ལེམ་དབྱི་སི་རལ་གྱི་རྒྱལ་ས་ཡིན་པ་ཁས་བླངས་པར་ཁྱབ་བསྒྲགས་བྱས་པ་སོགས་བྱ་ཐབས་རབ་དང་རིམ་པ་སྤེལ་བས། ཕ་ལི་སི་ཐན་གྱི་མང་ཚོགས་རྣམས་ཧང་སངས་དགོས་པ་བཟོས་ཡོད་པ་རེད། ཕ་ལི་སི་ཐན་ཕྱོགས་ནས་ཨ་རིའི་བྱ་ཐབས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཨ་རིས་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ལ་ཁེར་རྐྱང་གི་བར་གདུམ་བྱེད་པའི་ནུས་པར་ཁས་ལེན་བྱས་མེད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། རིན་ཆེན་དབང་འདུས།