ཨུ་རུ་སུའི་མང་ཚོགས་ཀྱིས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུས་པ་དང་། ཨུ་རུ་སུའི་སར་ལྷུངས་བའི་འགྲུལ་སྐྱེལ་གནམ་གྲུའི་སྒམ་ཆུང་ནག་པོ་རྙེད་པ།
སྤེལ་བའི་དུས་ཚོད། : 2018-02-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ནས་གནས་ཚུལ་སྤེལ་བར། སྤྱི་ཟླ་༢པའི་ཚེས་༡༢ཉིན། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར། འགྲུལ་སྐྱེལ་གནམ་གྲུའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་འགྲུལ་པར་མང་ཚོགས་ཀྱིས་མྱ་ངན་ཞུས་པ་དང་། དེའི་གོང་དུ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨུ་རུ་སུའི་སྲིད་གཞུང་གིས་ཆེད་མངགས་ཨུ་ཡོན་ལྷན་ཁང་བཙུགས་ནས་ད་རེས་ཀྱི་མཁའ་ཐོག་དོན་རྐྱེན་ལ་བརྟག་དཔྱད་བྱ་རྒྱུའི་བླང་བྱ་བཏོན་གནང་ཡོད། སྤྱི་ཚེས་༡༢ཉིན་ཨུ་རུ་སུའི་ཙུང་ཐུང་གི་མགྲིན་ཚབ་པ་ཕའེ་སེ་ཁོ་ཧྥུའུ་ཡིས། ཕུའུ་ཅིང་གིས་འདས་པོར་མྱ་ངན་ཞུས་ཟིན་པ་དང་། མཁའ་ཐོག་དོན་རྐྱེན་གྱི་གནས་ཚུལ་ལ་དོ་ཁུར་ཆེན་པོ་གནང་བཞིན་ཡོད་ཅེས་བསྟན་ཡོད། ཨུ་རུ་སུའི་བརྟག་དཔྱད་མི་སྣས། འགྲུལ་སྐྱེལ་གནམ་གྲུ་དེའི་སྒམ་ཆུང་ནག་པོ་ད་ལྟ་རྙེད་ཡོད། འོན་ཀྱང་གནམ་གྲུ་ལྷུངས་པའི་རྒྱུ་རྐྱེན་ད་དུང་གཏན་འཁེལ་བྱེད་ཐུབ་མེད་ཅེས་བསྟན་ཡོད། ཨུ་རུ་སུའི་ཛ་དྲག་པུའི་དཔོན་རིགས་ཀྱིས་ཨུ་རུ་སུའི་རྒྱལ་ཁབ་བརྙན་འཕྲིན་ཁང་གི་གྲོས་ཚོགས་ཤིག་གི་ཐོག་ཏུ། ཛ་དྲག་གནས་ཚུལ་པུའུ་ཡིས་གནམ་གྲུའི་ཐོག་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིའི་དབྱང་དོར་ལྟེ་མངར་ལྟེ་སྐྱུར་ཞེས་པ་སྟེ་DNAམ་དཔེ་བསྡུ་རུབ་བྱས་ཏེ། འདས་པོ་སུ་ཡིན་གཏན་འཁེལ་བྱ་རྒྱུར་རོགས་རམ་བྱེད་བཞིན་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།