ཕ་ལེ་སི་ཐན་གྱིས་དབྱི་སི་རལ་ནས་ཡའུ་ཐེ་བའི་གཏན་སྡོད་ཁུལ་དེ་དབྱི་སི་རལ་ཕྱོགས་ནས་བདག་སྐྱོང་བྱེད་པའི་ཁྱབ་ཁོངས་ནང་བཅུག་མི་རུང་བའི་མཐའ་ཚིག་བཏང་བ།
སྤེལ་བའི་དུས་ཚོད། : 2018-02-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༢ཉིན་ཕ་ལེ་སི་ཐན་གྱི་ཙུང་ཐུང་ལས་ཤག་གིས་གསལ་བསྒྲགས་སྤེལ་བའི་ནང་། དབྱི་སི་རལ་ནས་ཡའུ་ཐེ་བའི་གཏན་སྡོད་ཁུལ་གྱི་གནད་དོན་ཐད་ལ་ཕྱོགས་རྐྱང་པའི་བྱ་སྤྱོད་ཅི་ཡང་བཟུང་རྒྱུ་མེད་པའི་མཐའ་ཚིག་བཏང་ཡོད་པ་དང་། དེའི་ནང་རྟེན་གཏན་སྡོད་ཁུལ་དེ་དབྱི་སི་རལ་ཕྱོགས་ནས་བདག་སྐྱོང་བྱེད་པ་སོགས་ཚུད་ཡོད་པ་རེད། ཕ་ལེ་སི་ཐན་ཙུང་ཐུང་ལས་ཤག་གི་མགྲིན་ཚབ་པ་ལུའུ་ཏེ་སྣ་ནས་ཉེན་དེར་སྤེལ་བའི་གསལ་བསྒྲགས་ནང་། དབྱི་སི་རལ་ནས་རང་འདོད་ཁེར་སྒྲུབ་ཀྱི་གནད་དོན་འདིའི་ཐད་མཁྲེགས་འཛིན་གྱི་བསམ་བློ་འཛིན་ན་ས་ཁུལ་གྱི་དུས་བབ་མུ་མཐུད་དངངས་སྐྲག་དང་བརྟན་པོ་མེད་པའི་ཁྲོད་དུ་ལྷུངས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ནས་འབད་བརྩོན་བྱེད་བཞིན་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་མྱུར་སྐྱོབ་བྱེད་པའི་འབད་པ་དེ་སྟོང་ཟད་དུ་འགྲོ་རྒྱུ་རེད་ཅེས་བསྟན་ཡོད་པ་རེད། ཡའུ་ཐེ་བའི་གཏན་སྡོད་ཁུལ་གྱི་གནད་དོན་དེ་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགོག་རྐྱེན་གཙོ་བོ་ཡིན་པ་དང་། སྤྱི་ལོ་༡༩༦༧ལོར་དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་ས་ཆ་ཕོན་ཆེན་བཙན་བཟུང་བྱས་པའི་ཐོག་ཡའུ་ཐེ་བའི་གཏན་སྡོད་ཁུལ་གསར་རྒྱག་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།