དབྱི་རག་གི་དཔོན་རིགས་ཀྱིས་དབྱི་རག་དེ་ཉིད་བསྐྱར་འཛུགས་བྱེད་པར་ཨ་སྒོར་དུང་ཕྱུར་༨༨༢དགོས་ཀྱི་འདུག་ཅེས་གསུངས་པ།
སྤེལ་བའི་དུས་ཚོད། : 2018-02-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༢ཉིན་དབྱི་རག་འཆར་འགོད་པུའི་པུའུ་ཀྲང་ཀྲུའུ་མེ་ལིས། ཁོ་ཝེ་ཐེ་རུ་དབྱི་རག་བསྐྱར་འཛུགས་བྱེད་པར་ཨ་སྒོར་དུང་ཕྱུར༨༨༢དགོས་ཀྱི་འདུག་ཅེས་གསུངས་ཡོད་པ་རེད། ཀྲུའུ་མེ་ལིས་ཉིན་དེ་རང་ལ་ཁོ་ཝེ་ཐེའི་རྒྱལ་ས་ཁོ་ཝེ་ཐེ་གྲོང་ཁྱེར་དུ་འཚོགས་པའི་དབྱི་རག་བསྐྱར་འཛུགས་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་ཐོག་སྤེལ་བའི་གཏམ་བཤད་ནང་། མ་དངུལ་དེ་དག་དབྱི་རག་གི་ཉེ་བའི་ལོའི་ནང་འཇིགས་སྐུལ་འཇབ་རྒོལ་དང་དེ་བཞིན་འཇིགས་སྐུལ་སྒྲིག་འཛུགས་དང་། དམག་འཐབ་བྱེད་པའི་བརྒྱུད་རིམ་ཁྲོད་བཟོས་པའི་གཏོར་སྐྱོན་བྱུང་བ་རྣམས་བསྐྱར་འཛུགས་བྱེད་པའི་ནང་བེད་སྤྱོད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། དབྱི་རག་འཆར་འགོད་པུའི་དཔོན་རིགས་ཧྥ་ཐ་ཧེས་ཚོགས་འདུའི་ཐོག དབྱི་རག་བསྐྱར་འཛུགས་བྱར་མཁོ་བའི་མ་དངུལ་ཨ་སྒོར་དུང་ཕྱུར་༢༢༠དེ་དུས་ཚོད་འཐུང་ངུའི་ནང་གི་དགོས་མཁོ་ཡིན་པ་དང་། དུས་འབྲིང་གི་དགོས་མཁོ་ནི་ཨ་སྒོར་དུང་ཕྱུར་༦༦༠ལྷག་ཙམ་ཡིན་པའི་རྣམ་པ་བསྟན།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།