ཨ་རིའི་ཙུང་ཐུང་གཞོན་པ་ཕེང་སིས་བྱང་ཁོ་རེ་ཡ་དང་སྐད་ཆ་ཤོད་རེས་སླར་གསོ་བྱ་འདོད་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2018-02-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་12ཉིན་ཨ་རིའི་ཙུང་ཐུང་གཞོན་པ་ཕེང་སིས། ཨ་རིས་བྱང་ཁོ་རེ་ཡ་དང་སྐད་ཆ་ཤོད་རེས་སླར་གསོ་བྱ་རྒྱུར་བསམ་གཞིགས་བྱ་འདོད་ཡོད་ཅེས་བསྟན་པ་དང་། དུས་མཚུངས་སུ། ཨ་རིས་མུ་མཐུད་དེ་དཔལ་འབྱོར་དང་ཕྱི་འབྲེལ་ཐད་བྱང་ཁོ་རེ་ཡར་གནོན་ཤུགས་སྤྲོད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད། ཕེང་སིས་ལྷོ་ཁོ་རེ་ཡར་དུས་ཡུན་ཉིན་གསུམ་གྱི་འཚམས་འདྲི་མཇུག་སྒྲིལ་ཏེ་ཨ་རིར་ཕྱིར་ལོག་བྱེད་པའི་ལམ་བར་དུ་ཧྭ་ཧྲེང་ཏུན་སྦྲག་སྲིད་ཚགས་པར་ཞེས་པའི་ཐོག ལྷོ་ཁོ་རེ་ཡར་འཚམས་འདྲི་བྱེད་རིང་ང་རང་ནས་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝུན་ཙའེ་ཡིང་དང་བྱང་ཁོ་རེ་ཡའི་རྡུལ་ཉིང་གནད་དོན་ཐད་ངོ་བོའི་རང་བཞིན་གྱི་ནང་དོན་ཡོད་པའི་སྤེལ་རེས་ཐེངས་གཉིས་བྱས་པ་ཡིན། ཕྱོགས་གཉིས་པོས་མུ་མཐུད་དེ་བྱང་ཁོ་རེ་ཡ་དང་འབྲེལ་གཏུག་བྱ་རྒྱུའི་མོས་མཐུན་བྱུང་སོང་། ཐོག་མའི་བསམ་ཚོད་གཞིར་བཟུང་། ལྷོ་ཁོ་རེ་ཡས་དང་ཐོག་བྱང་ཁོ་རེ་ཡ་དང་སྐད་ཆ་ཤོད་རེས་བྱེད་འགོ་འཛུགས་རྒྱུ་དང་། དེ་རྗེས་ཨ་རི་དེའི་ནང་ཞུགས་རྒྱུའི་བསམ་གཞིགས་བྱས་ཡོད་ཅེས་འཁོད་པ་དང་། ཁོང་གིས་དུས་མཚུངས་སུ། བྱང་ཁོ་རེ་ཡས་ཕྱེད་གླིང་ཕྲན་དུ་རྡུལ་ཉིང་མེད་པ་ཅན་མངོན་འགྱུར་ཡོང་བར་དོན་སྙིང་ཡོད་པའི་གོམ་གང་མ་སྤོས་བར་་ཨ་རིས་མུ་མཐུད་དེ་བྱང་ཁོ་རེ་ཡར་གནོན་ཤུགས་ཆེ་ཤོས་དེ་སྤྲོད་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།

ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མཚམས་གཅོད།