མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱིས་ཐེ་རོན་ཕུའི་ཡུལ་མི་གནས་སྤོའི་འབྲེལ་ཡོད་གཏམ་བརྗོད་གསར་ཤོས་ལ་ཁ་བརྡུངས་བཏང་བ།
སྤེལ་བའི་དུས་ཚོད། : 2018-01-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་བྱ་དོན་མཐོ་རིམ་ཆེད་དོན་མི་སྣའི་གཞུང་ལས་ཁང་གི་མགྲིན་ཚབ་པ་ཁེ་འར་ཝེར་ཡིས་སྤྱི་ཚེས་༡༢ཉིན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག ཨ་རིའི་ཙུང་ཐུང་ཐེ་རོན་ཕུའི་ཨ་ཧྥེ་རི་ཁ་གླིང་གི་ཡུལ་མི་གནས་སྤོའི་སྐོར་གྱི་གཏམ་བརྗོད་གསར་ཤོས་ནི་མི་རྣམས་ཧང་སངས་དགོས་པ་ཞིག་དང་། ངོ་ཚ་དགོས་པ། རིགས་རྒྱུད་རིང་ལུགས་པ་བཅས་ཡིན་ཞེས་བསྟན་ཡོད་པ་རེད།

ཁེ་འར་ཝེར་ཡིས་ཐེ་རོན་ཕུས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ལ་གད་སྙིགས་རྒྱལ་ཁབ་ཅེས་པའི་དམའ་འབེབས་ཀྱི་ཚིག་བེད་སྤྱད་པར་སྐྱོན་འཛུགས་བྱས་ཡོད་པ་དང་། ཁོང་གིས། ཐེ་རོན་ཕུའི་གཏམ་གླེང་དེ་ནི་སྟབས་དེའི་ཐ་མལ་གྱི་ཚིག་བེད་སྤྱད་པའི་གནད་དོན་མིན་པར་དེའི་ཐོག་ནས་ཨ་རིའི་སྲིད་ཇུས་ཀྱིས་མི་གཤིས་ཀྱི་སྐྱུག་བྲོ་བའི་རྣམ་པ་མངོན་ཞིང་ཡོད་པ་དང་། རིགས་རྒྱུད་རིང་ལུགས་དང་ཕྱི་ལ་འཁོན་གྲས་བྱེད་པའི་སེམས་ཁམས་ལ་སྐུལ་མ་བཏང་བ་ཞིག་ཡིན་པ་མ་ཟད། དེས་དབང་གིས་མི་མང་པོ་ཞིག་འཚོ་བ་སྐྱེལ་ཐབས་བྲལ་བ་དང་ཐ་ན་ཚེ་སྲོག་ལ་ཆགས་སྒོ་ཐོན་པའི་མཇུག་འབྲས་བཟོ་སྲིད་ཅེས་ནན་བཤད་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱ་མཚོ།