ཨའོ་སི་ཁྲོ་ལི་ཡའི་ཙུང་ལིས་བརྙས་བཅོས་དོན་རྐྱེན་མི་ཐོན་པ་བྱེད་དགོས་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2018-01-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨའོ་སི་ཁྲོ་ལི་ཡའི་ལོ་བཅུ་བཞིར་སླེབས་པའི་ལོ་ཆུང་གྲགས་ཅན་ཏོ་ལིས་ཉིན་ཤས་གོང་དྲ་ཐོག་གི་བརྙས་བཅོས་བཟོད་མི་ཐུབ་པར་རང་ལྕེབས་བྱས་ཡོད། ཁོང་གི་དུར་འཇུག་བྱེད་སྒོ་སྤྱི་ཚེས་༡༢ཉིན་ཨའོ་སི་ཁྲོ་ལི་ཡའི་བྱང་ཕྱོགས་ས་ཆ་ཁའེ་སག་ལིན་གྲོང་རྡལ་དུ་སྤེལ་ཡོད། ཨའོ་སི་ཁྲོ་ལི་ཡའི་ཙུང་ལི་ཐེ་ཨེན་པུས་སྤྱི་ཚོགས་འབྲེལ་གཏུག་སྨྱན་སྦྱོར་ཐོག་ཏོ་ལི་ཡི་རྐྱེན་ངན་བར་ཆད་ཀྱིས་མི་རྣམས་ནས་དྲ་ཐོག་བརྙས་བཅོས་ཀྱི་གནོད་འཚེར་དོགས་ཟོན་ཆེར་སྐྱེད་བྱས་ཏེ། བརྙས་བཅོས་དོན་རྐྱེན་མི་ཐོན་པའི་བྱ་ཐབས་ཧུར་ཐག་བཟུང་དགོས་པའི་དྲན་སྐུལ་བྱས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཏོ་ལི་ལོ་བརྒྱད་སྐབས་ཨོ་སོ་ཁྲི་ལི་ཡའི་ཞྭ་མོའི་ཚོང་རྟགས་གྲགས་ཅན་གྱི་ཚབ་མཚོན་མི་སྣ་བྱེད་མྱོང་བས་ཀུན་གྱིས་ངོ་ཤེས་ཀྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱ་མཚོ།