ཐུར་ཁེས་སྤྱི་དམངས་ཨ་རིར་སྐྱོད་རྒྱུར་ཐ་ཚིག་བཏང་བ།
སྤེལ་བའི་དུས་ཚོད། : 2018-01-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】
སྤྱི་ཚེས་༡༢ཉིན། ཐུར་ཁེའི་ཕྱི་འབྲེལ་པུས་གསལ་བསྒྲགས་སྤེལ་ཏེ། ཨ་རིར་སྐྱོད་མཁན་ཐུར་ཁེའི་སྤྱི་དམངས་ནས་འཇིགས་སྐུལ་འཇབ་རྒོལ་དང་གཏུམ་སྤྱོད་དོན་རྐྱེན་གྱི་ཉེན་ཁར་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།
གསལ་བསྒྲགས་ནང་། ཉེ་བའི་ལོ་ཤས་རིང་། ཨ་རིའི་མངའ་ཁོངས་ནང་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་མང་དུ་མངོན་གསལ་དོད་པོ་ཕྱིན་པ་དང་། གྲོང་ཁྱེར་ལྟེ་བ་དང་ས་འོག་ལྕགས་ལམ་ས་ཚུགས་སོགས་སྤྱི་པའི་ས་ཁོངས་སུ་རླངས་འཁོར་གྱིས་གཞུང་ལམ་ཐོག་འགྲོ་སྐྱོད་བྱེད་མཁན་མིར་བརྡུངས་པ་དང་འབར་མདེལ་གྱི་འཇབ་རྒོལ་དོན་རྐྱེན་ཐོན་བཟོ་ཡོད་ཅེས་འཁོད་ཡོད་པ་རེད།
ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱ་མཚོ།