ཅིན་ཀྲེང་ཨེན་གྱིས་བྱང་ཁོ་རེ་ཡའི་ཚན་རིག་ལས་དོན་པར་བསྔགས་བརྗོད་བྱས་པ།
སྤེལ་བའི་དུས་ཚོད། : 2018-01-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༢ཉིན། བྱང་ཁོ་རེ་ཡའི་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བའི་གཞིགས་ན། བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲེང་ཨེན་གྱིས་ཉིན་ཤས་གོང་བྱང་ཁོ་རེ་ཡའི་རྒྱལ་ཁབ་ཚན་རིག་ཁང་ལ་ལྟ་ཞིབ་བྱེད་སྐབས་བྱང་ཁོ་རེ་ཡའི་ཚན་རིག་ལས་དོན་པས་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་འགྲོ་རྒྱུར་ཕུལ་དུ་བྱུང་བའི་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་བྱས་ཡོད་པ་རེད།

ཅིན་ཀྲེང་ཨེན་གྱིས། བྱང་ཁོ་རེ་ཡའི་གསར་བརྗེ་དང་རྒྱལ་ཁབ་ལ་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་གྲུབ་འབྲས་ཐོབ་པ་ནི་ཚན་རིག་ལག་རྩལ་ལས་དོན་དེ་གནས་བབ་གལ་ཆེན་ཐོག་བཞག་པས་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱ་མཚོ།