ཕུ་ཅིང་གིས་ཨུ་རུ་སུ་དང་ཨ་རིའི་འབྲེལ་བ་ལེགས་བཅོས་བྱ་རྒྱུ་དེ་ཨ་རིར་ཐུག་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2018-01-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས་སྤྱི་ཚེས་༡༡ཉིན་གསར་འགྱུར་ལས་རིགས་ལ་ཨུ་རུ་སུའི་ཕྱོགས་ནས་སྔར་རྒྱུན་བཞིན་ཨ་རིའི་བར་གྱི་འབྲེལ་བ་ལེགས་བཅོས་བྱ་རྒྱུར་གྲ་སྒྲིག་བྱས་ཡོད་ནའང་ཨུ་རུ་སུ་དང་ཨ་རིའི་འབྲེལ་བ་ལེགས་བཅོས་བྱ་རྒྱུ་དེ་གཙོ་བོ་ཨ་རིར་ཐུག་ཡོད་ཅེས་བསྟན་ཡོད་པ་རེད།

ཕུ་ཅིང་གིས། ཨ་རིའི་ཕྱོགས་ནས་ཨུ་རུ་སུའི་བར་གྱི་འབྲེལ་བ་གོང་འཕེལ་གཏོང་བའི་ཐད་བློ་སྟོབས་དང་རྒྱུན་ལྡན་གྱི་རིག་ལམ་མངོན་དགོས། ཨུ་རུ་སུ་དང་ཨ་རིའི་འབྲེལ་བ་ལེགས་བཅོས་བྱ་རྒྱུ་དེ་ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་མཐུན་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱ་མཚོ།