ཨ་རིའི་གནས་སྤོས་ཡུལ་མིའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་བརྒལ་གནས་སྤོས་ཡུལ་མིར་ཞིབ་བཤེར་བྱས་པ་དང་སྟབས་བདེའི་ཚོང་ཁང་བརྒྱ་ལྷག་ཙམ་ལ་བརྟག་དཔྱད་བྱས་པ།
སྤེལ་བའི་དུས་ཚོད། : 2018-01-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༠ཉིན་ཨ་རིའི་མངའ་ཁོངས་ནང་དུ་འཛུལ་བ་དང་འགག་སྒོའི་ཁྲིམས་འཛིན་ལས་ཁུངས་ཀྱིས། གནས་སྤོས་ཡུལ་མིའི་ཐད་ཀྱི་ཁྲིམས་འཛིན་པས་ཉིན་དེར་ས་ཆ་མང་པོའི་སྟབས་བདེའི་ཚོང་ཁང་བརྒྱ་ལྷག་ཙམ་ལ་གློ་བུར་དུ་ཞིབ་བཤེར་བྱས་པ་དང་དོགས་ཡོད་ཁྲིམས་བརྒལ་གྱི་གནས་སྤོས་ཡུལ་མི་༢༡སྲིད་ཁྲིམས་ཀྱི་བཀག་ཉར་བྱས་ཡོད། མངའ་ཁོངས་ནང་འཛུལ་བ་དང་འགག་སྒོའི་ཁྲིམས་འཛིན་ལས་ཁུངས་ཀྱིས། ཉིན་དེ་གའི་བྱ་སྤྱོད་དེ་མངའ་སྡེ་༡༧དང་ཝ་ཧྲིང་ཐོན་གྱི་ཁོ་ལུམ་པི་ཡའི་དམིགས་བསལ་གྱི་ཁྱོན་བསྡོམས་སྟབས་དེའི་ཚོང་ཁང་དགུ་བཅུ་གོ་བརྒྱད་ལ་ཁྱབ་ཡོད་པ་དང་། ཁྲིམས་འཛིན་མི་སྣས་ཚོང་ཁང་གི་ལས་མིར་སྐད་ཆ་དྲིས་ཡོད་པ་རེད། སྟབས་བདེའི་ཚོང་ཁང་ཀྱི་སྤྱི་གཉེར་དང་དམིགས་བསལ་ཁེ་གཉེར་དབངཆ་ཡོད་མཁན་ནས་ཉིན་གསུམ་གྱི་ནང་རང་ཉིད་ནས་གླས་པའི་གནས་སྤོས་ཡུལ་མིའི་ཐོབ་ཐང་གི་ཆ་འཕྲིན་སྐྱེལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
བསྟན་འཛིན་དབང་རྒྱལ།