ཨ་སང་ཆི་ལ་ཨེར་ཀ་ཏོའི་སྤྱི་དམངས་ཀྱི་ཐོབ་ཐང་སྤྲད་པ།
སྤེལ་བའི་དུས་ཚོད། : 2018-01-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༡ཉིན་ཨེར་ཀ་ཏོའི་ཕྱི་འབྲེལ་པུའུ་ཀྲང་མ་ལི་ཡས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་འཚོགས་པ་དང་། ཨེར་ཀ་ཏོའི་སྲིད་གཞུང་གིས་ན་ནིང་གི་སྤྱི་ཟླ་༡༢པའི་ཚེས་༡༢ཉིན་ཝེ་ཅིའི་གསང་བ་ཐེར་འདོན་དྲ་ཚིགས་ཀྱི་གསར་གཏོད་པ་ཨ་སང་ཆི་ལ་སྤྱི་དམངས་ཀྱི་ཐོབ་ཐང་སྤྲད་ཡོད། ཨ་སང་ཆི་ད་ལོ་ལོ་༤༦ཡིན་པ་དང་ཨའོ་སི་ཁྲུ་ལི་ཡའི་མི་ཡིན་པ་རེད། སྤྱི་ལོ༢༠༠༦ལོར་ཝེ་ཅིའི་གསང་བ་ཐེར་འདོན་ཞེས་པའི་དྲ་ཚིགས་གསར་གཏོད་བྱས་ཡོད། སྤྱི་ལོ་༢༠༡༠ལོར། དྲ་ཚིགས་དེས་ཨ་རིའི་སྲིད་གཞུང་གི་ཨ་ཧྥུ་ཀེ་ནི་སི་ཐན་གྱི་དམག་འཁྲུག་དང་དབྱི་རག་དམག་འཁྲུག་ནང་གི་གསང་བའི་ཡིག་ཆ་མང་པོ་ཞིག་ཁྱབ་བསྒྲགས་བྱས་པ་དང་། ཨ་རིའི་ཕྱི་འབྲེལ་གྱི་གཟུགས་བརྙན་ལ་རྡུང་རྡེག་ཆེན་པོ་ཕོག་ནས་སྐད་དྲགས་ཆོད་པ་དང་རྩོད་གཞི་ཆེན་པོ་བཟོས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
བསྟན་འཛིན་དབང་རྒྱལ།