དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་མང་པོས་ཅེ་རུས་ས་ལེམ་དབྱི་སི་རལ་གྱི་རྒྱལ་ས་ཡིན་པ་ཁས་ལེན་བྱས་ཚེ་མཇུག་འབྲས་ངན་པ་ཐོན་སྲིད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2017-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའི་འཆར་གཞིར་དམིགས་ཏེ་ཅེ་རུས་ས་ལེམ་དབྱི་སི་རལ་གྱི་རྒྱལ་ས་ཡིན་པ་ཁྱབ་བསྒྲགས་བྱས་ཡོད། ཉིན་ཤས་བསྟུད་མར། ཕ་ཀི་སི་ཐན་དང་ཅོར་ཏན། ཨེ་ཅིབ་སོགས་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་དང་ཨ་རབ་རྒྱལ་ཁབ་མནའ་སྦྲེལ་གྱིས་ཨ་རིའི་བྱ་སྤྱོད་དེས་མཇུག་འབྲས་ངན་པ་ཐོན་བཟོ་ཡོད་ཅེས་བསྟན་ཡོད་པ་རེད།

སྤྱི་ཚེས་༥ཉིན་གྱི་དགོང་མོ་ཕ་ཀི་སི་ཐན་ཙུང་ཐུང་ལས་ཤག་གི་མགྲིན་ཚབ་པ་ལུའུ་ཏའེ་ནྭས། ཕ་ཀི་སི་ཐན་ཕྱོགས་ནས་ཨ་རིས་དབྱི་སི་རལ་ལ་བཅའ་སྡོད་གཞུང་ཚབ་ཆེ་མོ་ཁང་ཐེ་ལ་ཝེ་ཧྥུ་ནས་ཅེ་རུས་ས་ལེམ་དུ་སྤོ་རྒྱུའི་གཏན་འབེབས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

སྤྱི་ཚེས་༥ཉིན་ཨེ་ཅིབ་ཙུང་ཐུང་ལས་ཤག་ནས་གསལ་བསྒྲགས་སྤེལ་བའི་ནང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞིས་ཨ་རིས་རང་ཉིད་ཀྱི་དབྱི་སི་རལ་ལ་བཅའ་སྡོད་གཞུང་ཚབ་ཆེ་མོ་ཁང་ཐེ་ལ་ཝེ་ཧྥུ་ནས་ཅེ་རུས་ས་ལེམ་དུ་སྤོ་རྒྱུའི་འཆར་གཞི་ཡོད་པ་དེ་ནི་དབུས་ཤར་གྱི་དུས་བབ་རྙོག་འཛིང་ཆེ་རུ་འགྲོ་རྒྱུ་ཡིན་པའི་ཐ་ཚིག་བཏང་ཡོད་ཅེས་འཁོད་ཡོད་པ་རེད།

སྤྱི་ཚེས་ལྔ་ཉིན་ཨ་རབ་རྒྱལ་ཁབ་མནའ་སྦྲེལ་གྱི་དྲུང་ཆེ་ཀའེ་ཐེས། དབྱི་སི་རལ་ལ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་ཁང་ཅེ་རུས་ས་ལེམ་དུ་སྤོ་བ་ནི་ཉེན་ཁ་ཆེ་བའི་བྱ་ཐབས་ཤིག་ཡིན། གཏམ་འབེབས་དེ་ལག་བསྟར་བྱས་ཚེ། དབུས་ཤར་ས་སུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་ཤུགས་རྐྱེན་ཉན་པ་བཟོ་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མཚམས་གཅོད།