ཐེ་རོན་ཕུའུ་ཡིས་ཅེ་རུས་ས་ལེམ་དབྱི་སི་རལ་གྱི་རྒྱལ་ས་ཡིན་པ་ཁས་ལེན་བྱས་པ།
སྤེལ་བའི་དུས་ཚོད། : 2017-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༦ཉིན་ཨ་རིའི་སྲིད་འཛིན་ཐེ་རོན་ཕུའུ་ཡིས་ཅེ་རུས་ས་ལེམ་ནི་དབྱི་སི་རལ་གྱི་རྒྱལ་ས་ཡིན་པ་ཁས་ལེན་བྱས་པ་མ་ཟད། དབྱི་སི་རལ་ལ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་ཐེ་ལ་ཝེ་ཧྥུ་ནས་ཅེ་རུས་ས་ལེམ་དུ་སྤོ་རྒྱུ་ཁྱབ་བསྒྲགས་བྱས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཡོངས་ཁྱབ་ཏུ་བྱ་ཐབས་དེ་དབུས་ཤར་ས་ཁུལ་གྱི་བརྟན་ལྷིང་ལ་གནོད་པའི་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད།

ཉིན་དེའི་བརྙན་འཕྲིན་གཏམ་བཤད་ནང་། ཐེ་རོན་ཕུའུ་ཡིས་གཏན་འབེབས་དེ་ནི་དོན་དངོས་ཁས་ལེན་བྱས་པ་ཞིག་ཡིན་ལ་ཨ་རིའི་ཁེ་ཕན་དང་ཡང་མཐུན་ཡོད་ཅེས་དང་། ཁོང་གིས་དུས་མཚུངས་སུ་རྒྱལ་དོན་ཁང་གིས་གཞུང་ཚབ་ཁང་སྤོ་བའི་ལས་དོན་གྲ་སྒྲིག་བྱེད་དགོས་པའི་བཀའ་ཕབ་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མཚམས་གཅོད།