མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཚོགས་མཇུག་སྒྲིལ་བ།
སྤེལ་བའི་དུས་ཚོད། : 2017-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། དུས་ཡུན་ཉིན་གསུམ་གྱི་སྐབས་གསུམ་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་སྤྱི་ཚེས་༦ཉིན་གན་ཉི་ཡའི་རྒྱལ་ས་ནེ་ལོ་པིའི་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཅི་སྤྱི་ཁྱབ་པུའུ་རུ་ཚོགས་མཇུག་སྒྲིལ་ཡོད། ཚོགས་ཞུགས་སྐུ་ཚབ་ཀྱིས་མྱུར་ལ་གཞི་ཁྱོན་ཆེ་བའི་མཐུན་སྦྱོར་བྱ་སྤྱོད་སྤེལ་ནས་སྦགས་བཙོག་འགོག་བཅོས་བྱེད་དགོས་པ་མ་ཟད་མིའི་རིགས་ཀྱི་བདེ་ཐང་དང་དེ་བཞིན་མིའི་རིགས་ཀྱི་ཐུན་མོང་འཚོ་བ་སྲུང་སྐྱོབ་བྱེད་པའི་ཁོར་ཡུག་ཞིག་སྐྲུན་རྒྱུ་ཁས་ལེན་བྱ་དགོས་པའི་རེ་འབོད་བྱས་ཡོད་པ་རེད།

སྐབས་འདིའི་ཚོགས་ཆེན་ཐོག་གསར་འཛུགས་བྱས་ཚུན་གྱི་ཁོར་ཡུག་པུའུ་ཀྲང་གི་གསལ་བསྒྲགས་ཐོག་མ་དེ་སྤེལ་བ་དང་། གསལ་བསྒྲགས་ནང་། རྒྱལ་ཁབ་ཁག་གིས་མཁའ་རླུང་དང་ས་རྒྱུ། ཆུའི་སྦགས་བཙོགས་འགོག་བཅོས་ཚོད་འཛིན་དང་བཅོས་སྒྲིག་བྱ་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། སྦགས་བཙོག་དེ་དག་གིས་མིའི་རིགས་ཀྱི་བདེ་ཐང་དང་སྐྱེ་ཁམས་མ་ལག དེ་བཞིན་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་གནོད་འཚེ་བཟོ་གི་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མཚམས་གཅོད།