ལྷོ་ཁོ་རེ་ཡ་དང་ཨ་རིས་གཞི་ཁྱོན་ཆེ་བའི་མཉམ་འབྲེལ་མཁའ་ཐོག་དམག་དོན་ནང་སྦྱོང་བྱས་པ།
སྤེལ་བའི་དུས་ཚོད། : 2017-12-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་བཞི་ཉིན། ལྷོ་ཁོ་རེ་ཡའི་མཁའ་དམག་དང་ལྷོ་ཁོ་རེ་ཡར་བཅའ་སྡོད་ཨ་རིའི་དམག་གིས་ཚབ་མིང་ལ་དོགས་ཟོན་རྟགས་ཅན་ཞེས་པའི་གཞི་ཁྱོན་ཆེ་བའི་མཉམ་འབྲེལ་མཁའ་ཐོག་ནང་སྦྱོང་བྱེད་འགོ་ཚུགས་པ་དང་། གནམ་གྲུ་༢༣༠དང་དམག་མི་ཆིག་ཁྲི་ཉིས་སྟོང་ལྷག་གིས་ད་ཐེངས་ཀྱི་ནང་སྦྱོང་ནང་ཞུགས་ཡོད་པ་རེད།

སྤྱི་ཚེས་བཞི་ཉིན། ལྷོ་ཁོ་རེ་ཡའི་གཅིག་གྱུར་པུའི་མགྲིན་ཚབ་པས་ད་ཐེངས་ཀྱི་དམག་དོན་ནང་སྦྱོང་ནི་ལྷོ་ཁོ་རེ་ཡ་དང་ཨ་རིའི་ལོ་འཁོར་མོའི་འཆར་ཅན་གྱི་འགོག་སྲུང་རང་བཞིན་གྱི་ནང་སྦྱོང་ཞིག་ཡིན་པ་དང་། ལྷོ་ཁོ་རེ་ཡའི་ཕྱོགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་བརྩོན་ཧུར་ཐག་བྱས་ཏེ་ཞི་བའི་སྒོ་ནས་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་རྡུལ་ཉིང་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ད་ཐེངས་ཀྱི་དམག་དོན་ནང་སྦྱོང་འདི་ཟླའི་ཚེས་བརྒྱད་ཉིན་བར་བྱ་རྒྱུ་དང་། ལྷོ་ཁོ་རེ་ཡའི་གསར་འགྱུར་ལས་རིགས་ཀྱིས་དེ་ནི་ལྷོ་ཁོ་རེ་ཡ་དང་ཨ་རིའི་ད་བར་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་མཁའ་ཐོག་མཉམ་འབྲེལ་ནང་སྦྱོང་ཞིག་ཡིན་ཞེས་བསྟན་ཡོད།

བྱང་ཁོ་རེ་ཡའི་མེས་རྒྱལ་ཞི་བདེ་གཅིག་གྱུར་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་སྤྱི་ཚེས་གསུམ་ཉིན། ཨ་རི་དང་ལྷོ་ཁོ་རེ་ཡའི་ད་ཐེངས་ཀྱི་མཉམ་འབྲེལ་མཁའ་ཐོག་ནང་སྦྱོང་ནི་བྱང་ཁོ་རེ་ཡར་འཁྲུག་རྩོད་ཆེན་པོ་སློང་བ་ཞིག་ཡིན་པས་བྱང་ཁོ་རེ་ཡའི་ཕྱོགས་ནས་རིགས་དེ་དང་འདྲ་བའི་འཁྲུག་རྩོད་སློང་བའི་བྱ་སྤྱོད་ཐ་དག་ལ་ཡ་ང་སྙིང་རྗེ་ཏིལ་འབྲུ་ཙམ་མེད་པའི་སྒོ་ནས་ཡ་ལན་སྤྲོད་རྒྱུ་ཡིན་ཞེས་བསྟན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱ་མཚོ།