ཨ་ཧྥུ་ཀ་ནི་སི་ཐན་དུ་མི་༡༩ཤི་རྨས་ཐེབས་པ།
སྤེལ་བའི་དུས་ཚོད། : 2017-12-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨ་ཧྥུ་ཀ་ནི་སི་ཐན་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་སྲིད་གཞུང་གིས་ཚེས་༣ཉིན་བདེན་དཔང་བྱས་དོན་ལ། ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཅཱ་ལཱ་ལཱ་པཱ་ཏི་ནས་ཉིན་དེར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། བསྡོམས་པས་མི་༦རྐྱེན་ལམ་དུ་ཤོར་བ་དང་མི་༡༣ལ་རྨས་ཕོག་ཡོད་པ་རེད།

ནན་ཀི་ཧཱ་ཨར་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཧུའུ་ཅཱ་ཡཱ་ནེ་ཡིས་གསར་འགོད་པར་བཤད་པར། ཉིན་དེའི་ཉིན་གུང་། འཇབ་རྒོལ་མཁན་ཞིག་གིས་ཅཱ་ལཱ་ལཱ་པཱ་ཏི་ནས་འགད་རྫས་དྲུད་པའི་འཕྲུལ་རྟ་ཞིག་འགས་གཏོར་བཏང་རྗེས། མི་དེ་རྐྱེན་ལམ་དུ་ཤོར་བ་དང་། ཤི་རྨས་ཐེབས་མཁན་ཚང་མ་མི་སེར་དཀྱུས་མ་ཡིན་ལ། དཔོན་ཕྱོགས་ཀྱིས་དེར་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན།

མིག་སྔའི་བར་སྒྲིག་འཛུགས་དང་མི་སྒེར་གང་ཞིག་གིས་ཀྱང་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།

ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
རྩོམ་སྒྲིག་པ། པད་མ།