ཕུ་ཅིང་གིས་ཨུ་རུ་སུ་དང་ཐུར་ཁེའི་འབྲེལ་བ་ཧ་ལམ་ཡོངས་སུ་སླར་གསོ་ཐུབ་ཡོད་ཅེས་གསུངས་པ།
སྤེལ་བའི་དུས་ཚོད། : 2017-11-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༣ཉིན་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས། ཨུ་རུ་སུ་དང་ཐུར་ཁེའི་འབྲེལ་བ་དེ་ཧ་ལམ་ཡོངས་སུ་སླར་གསོ་ཐུབ་ཡོད་ཅེས་གསུངས་ཡོད།

གནས་ཚུལ་སྤེལ་བར་གཞིགས་ན། ཕུ་ཅིང་གི་གདན་ཞུས་ལྟར། ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན་ཉིན་དེ་ཁར་ཟོ་ཆེར་ལས་དོན་འཚམས་འདྲི་གནང་བར་ཕེབས་ཡོད། ཕུ་ཅིང་གིས་ཨེར་ཏོ་ཨན་དང་མཇལ་མོལ་གནང་སྐབས། ཨུ་རུ་སུ་དང་ཐུར་ཁེའི་བར་གྱི་ཉོ་ཚོང་དངུལ་འབོར་དེ་སྤྱི་ལོ་༢༠༡༦ལོར་མངོན་གསལ་དོད་པོས་ཆག་རྗེས་ད་ལོའི་གོང་གི་ཟླ་བ་དགུའི་ནང་གསུམ་ཆ་གཅིག་ཙམ་འཕར་སྣོན་ཕྱིན་ཡོད། ཨུ་རུ་སུ་དང་ཐུར་ཁེའི་བར་ད་དུང་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་རབ་དང་རིམ་པའི་ཐད་མཉམ་ལས་བྱེད་འགོ་ཚུགས་ཡོད་ཅེས་གསུངས་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།