ཀྲུང་གོད་ང་ཧིན་རྡུ་ཉི་ཞི་ཡའི་བར་ནུས་པའི་འབྱུང་ཁུངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ།
སྤེལ་བའི་དུས་ཚོད། : 2017-11-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༣ཉིན་་སྐབས་ལྔ་པའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ནུས་ཁུངས་གླེང་སྟེགས་དེ་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐར་སྐོང་ཚོགས་བྱས་པ་དང་། ཕྱོགས་གཉིས་པོའི་བར་ནུས་ཁུངས་མཉམ་ལས་ཀྱི་བསམ་ཤེས་རྗེས་ཐོར་མིང་རྟགས་བཀོད་ཡོད།

ཧིན་རྡུ་ཉི་ཞི་ཡའི་ནུས་ཁུངས་དང་གཏེར་ཁའི་ཐོན་ཁུངས་པུའི་པུའུ་ཀྲང་ཙོ་ནན་གྱིས། ཧིན་རྡུ་ཉི་ཞི་ཡས་རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་ཁྱོན་ཡོངས་ནས་ཀྲུང་གོའི་བར་ནུས་ཁུངས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོའི་གློག་ཤུགས་ཁེ་ལས་ཧིན་རྡུ་ཉི་ཞི་ཡའི་གློག་ཤུགས་འཛུགས་བསྐྲུན་ནང་ཐེ་ཞུགས་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། སླར་སྐྱེས་ནུས་ཁུངས་རྒྱ་ཁྱབ་ངང་བེད་སྤྱོད་བྱ་རྒྱུའི་ཐད་སྲིད་ཇུས་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་འདོད་ཡོད། ཧིན་རྡུ་ཉི་ཞི་ཡས་ཕྱོགས་གཉིས་པོའི་རྡོ་སོལ་དང་རླངས་སྣུམ་ཉོ་ཚོང་མཉམ་ལས་ལ་བློ་ཡིད་འཚིམ་པོ་བྱེད་ཀྱི་ཡོད་ལ་། ཀྲུང་གོའི་རླངས་སྣུམ་ཁེ་ལས་ཀྱིས་དེ་བས་ལེགས་པའི་ངང་ཧིན་རྡུ་ཉི་ཞི་ཡའི་ཐོན་ལས་འབྲེལ་ཐག་སྣེ་མོའི་རླངས་སྣུམ་རྩད་འཚོལ་གསར་སྤེལ་དང་་ཐོན་ལས་འབྲེལ་ཐག་མཇུག་མའི་ཐོན་རྫས་ལས་སྣོན་ནང་ཞུགས་རྒྱུའི་རེ་འགུག་བྱེད་བཞིན་ཡོད་ཅེས་གསུངས་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།