ཀྲུང་གོ་དང་་སིང་ཀ་ཕོའི་བཟོ་ཚོང་ལས་རིགས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་ཚོང་ལས་གོ་སྐབས་ལ་ཞིབ་དཔྱད་བྱས་པ།
སྤེལ་བའི་དུས་ཚོད། : 2017-11-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༣ཉིན་སིང་ཀ་ཕོའི་བཟོ་ཚོང་ལས་རིགས་མཉམ་འབྲེལ་སྤྱི་ཁྱབ་ཚོགས་པ་དང་ཀྲུང་གོའི་རྒྱལ་སྤྱིའི་ཉོ་ཚོང་སྐུལ་འདེད་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་ཐོག་གཉེར་བའི་ཀྲུང་གོ་དང་སིང་ཀ་ཕོའི་དཔལ་འབྱོར་ཉོ་ཚོང་དང་མ་འཇོག་མཉམ་ལས་ཀྱི་གླེང་སྟེགས་དེ་སིང་ཀ་ཕོར་སྤེལ་བ་དང་། སིང་ཀ་ཕོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་ཁེ་ལས་མཁས་པ་༢༠༠ལྷག་ཙམ་གྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་ལས་བྱུང་བའི་ཚོང་ལས་གོ་སྐབས་ལ་ཞིབ་དཔྱད་བྱས་ཡོད། ཀྲུང་གོའི་ཉོ་ཚོང་སྐུལ་འདེད་ཚོགས་པའི་ཚོགས་གཙོ་ཅང་ཙེང་ཝེའི་ཡིས་གསུངས་བཤད་ནང་། སིང་ཀ་ཕོ་ནི་ཨ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་སྤྱིའི་ཉོ་ཚོང་ལྟེ་གནས་དང་། གྲུ་ཐོག་སྐྱེལ་འདྲེན་ལྟེ་གནས། དངུལ་རྩའི་ལྟེ་གནས་བཅས་གལ་ཆེན་ཞིག་ཡིན་པ་དང་། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་གྱི་སྟེགས་བུ་དང་སྦྲེལ་ཚིགས་གལ་ཆེན་ཞིག་ཡིན་པས། ཕྱོགས་གཉིས་པོའི་བར་ཕན་ཚུན་བཟང་ཆ་གསབ་རེས་དང་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་ཐུབ་ཅེས་བཏོན་གནང་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།